ཁོར་ཡུག་སྲུང་སྐྱོབ་བྱས་ནས་མཛེས་པའི་འཚོ་བ་གཏོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 10-24


        ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་གཞི་སྒྱུར་བཅོས་ཇེ་མགྱོགས་སུ་གཏོང་བ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན་ཡོད་པ་དེ་འཐུས་མི་དྭགས་པོའི་སེམས་སུ་ཟུག་ཅིང་། ཁོང་ཚོའི་གྲོང་ཚོའི་འཕེལ་རྒྱས་ཀྱི་དོན་དངོས་ལ་མཛུབ་སྟོན་གྱི་ནུས་པ་ཆེན་པོ་ཡོད་པ་བརྗོད་འདུག
        འཐུས་མི་དྭགས་པོས། ང་ཚོ་གྲངས་ཉུང་མི་རིགས་ཀྱི་གྲོང་ཚོ་དེའི་སྐྱེ་ཁམས་ཁོར་ཡུག་ཡག་པ་དང་། ཤིང་ནགས་སོགས་ཁོར་ཡུག་ཡག་པོ་ཡོད། ང་ཚོས་ཁོར་ཡུག་དེར་སྲུང་སྐྱོབ་དང་། ལྗང་མདོག་གི་དཔལ་འབྱོར་འཕེལ་རྒྱས་དང་མཛེས་པའི་ཡུལ་ལྗོངས་ལ་བརྟེན་ནས་ཡུལ་སྐོར་ཐོན་ལས་གོང་འཕེལ་བཏང་སྟེ་གྲོང་གསེབ་གསར་པ་འཛུགས་སྐྲུན་ནང་ཞུགས་ཐོག་མང་ཚོགས་ཚང་མ་ཕྱུག་པོའི་ལམ་དུ་བསྐྱོད་ཐུབ་པའི་སེམས་ཤུགས་ཡོད།
        དྭགས་པོ་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཚལ་ཁྲོབ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་ཞིང་། དེ་གའི་སྐྱེ་ཁམས་ཁོར་ཡུག་ཡག་ལ། རང་བྱུང་ཡུལ་ལྗོངས་མཛེས་པས་ལོ་ལྟར་ཡུལ་སྐོར་ལ་ཡོང་མཁན་མང་པོ་ཡོད། ཉེ་བའི་ལོ་ཤས་ནང་། ཚལ་ཁྲོབ་གྲོང་ཚོས་ལྷོ་པའི་རིག་གནས་ཀྱི་དམིགས་བསལ་ཁྱད་ཆོས་སྔོག་འདོན་གཏིང་ཟབ་བྱས་པ་དང་། ཚལ་ཁྲོབ་གྲོང་ཚོའི་མཛེས་པའི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་ནུས་ལྡན་བྱས་ཏེ། ཡུལ་སྐོར་གྲོང་ཚོ་འཛུགས་སྐྲུན་དང་ཡུལ་སྐོར་རིག་གནས་ཀྱི་ནང་དོན་ཟམ་མི་ཆད་པར་ཟབ་ཏུ་བཏང་བས། འབབ་འཕར་ཕྱུག་འགྱུར་བྱུང་ཡོད། 2016ལོར་གྲོང་ཚོ་ཧྲིལ་པོའི་མི་རེའི་ཆ་སྙོམས་དངུལ་སྨར་ཡོང་འབབ་2012ལོ་དང་བསྡུར་ན་ལྡབ་གཅིག་འཕར་ནས་སྒོར་11567ཟིན་ཡོད། 
        དྭགས་པོའི་བསམ་འདུན་ཆེ་ཤོས་ནི་ཏང་གི་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་གོ་སྐབས་བཟང་པོ་དང་བསྟུན་ནས་ལྷོ་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁྱིམ་ཚང་མགྲོན་ཁང་འཛུགས་སྐྲུན་དང་འབྱུང་ཁམས་དཔལ་འབྱོར་གོང་འཕེལ་བཏང་ནས་ལྷོ་པའི་མང་ཚོགས་ཀྱི་དཔལ་འབྱོར་འཕར་སྣོན་ཡོང་བ་བྱ་རྒྱུ་དེ་ཡིན་པ་རེད། 
        དྭགས་པོས་མཐའ་མཚམས་ས་ཁུལ་གྲོང་གསེབ་པ་འཛུགས་སྐྲུན་སོགས་ཀྱི་ཐད་ཏང་ཀྲུང་དབྱང་ནས་ཐུགས་ཁུར་ཆེན་པོ་གནང་འདུག ང་ཚོས་གྲོང་གསེབ་པ་འཛུགས་སྐྲུན་དང་། མི་རིགས་ཀྱི་ཁྱད་ཆོས་ཐོན་པའི་ཐད་ཤུགས་སྣོན་བྱ་རྒྱུ་ཡིན་ཞེས་བཤད།
        ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་དང་པོ་དེ་མངོན་གྱུར་བྱེད་དགོས་ལ། བབ་དང་བསྟུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་འགོ་ཚུགས་ཏེ་ལོ་བརྒྱའི་འབད་འཐབ་དམིགས་ཚད་གཉིས་པ་དེའི་ཕྱོགས་སུ་དཔུང་འཇུག་བྱེད་དགོས་པ་སྟོན་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཞིག་གིས་ངོས་ནས་དྭགས་པོས་ཚོགས་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་ཡག་པོ་བྱས་ཏེ་ལྷོ་པ་མང་ཚོགས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་འཁྲིད་པའི་སེམས་ཤུགས་ཀྱིས་ཁེངས་ཡོད། 
        ང་རང་ལྷོ་པ་མི་རིགས་ཤིག་ཡིན། ང་ཚོ་གྲངས་ཉུང་མི་རིགས་ལ་གུང་ཁྲན་ཏང་གིས་རྒྱབ་སྐྱོར་ཡག་པོ་གནང་ཡོད། ང་རང་ལ་ཡང་སེམས་ཤུགས་ཆེན་པོ་ཡོད། ཕྱིར་ལོག་རྗེས་ཏང་གི་སྲིད་ཇུས་ཡག་པོ་ཡོད་པ་དེ་མང་ཚོགས་ལ་གསལ་བཤད་པ་ཡག་པོ་ཞིག་བྱེད་མཁན་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1