དུས་རབས་གསར་པའི་བརྗིད་ཆགས་གསར་གཏོད་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-24


 ——ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཚོར"འབད་འབུངས་ཡར་བརྩོན་གྱི་ལོ་ལྔ"ཞེས་པའི་གྲུབ་འབྲས་འགྲེམས་སྟོན་ཆེན་པོར་གཟིགས་སྐོར་གནང་རྗེས་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་པ། 
          ཉེ་ཆར། ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཚོ་གཅིག་རྗེས་གཉིས་མཐུད་དུ་ངལ་གསོའི་དུས་ཚོད་བེད་སྤྱད་ནས་པེ་ཅིང་འགྲེམས་སྟོན་ཁང་དུ་ཡོང་ནས"འབད་འབུངས་ཡར་བརྩོན་གྱི་ལོ་ལྔ"ཞེས་པའི་གྲུབ་འབྲས་འགྲེམས་སྟོན་ཆེན་པོར་གཟིགས་སྐོར་གནང་བ་རེད། འགྲེམས་སྟོན་དུ་བརྗོད་གཞིའི་ནང་དོན་གྱི་འགྲེམས་སྟོན་ཁུལ་10དང་ཁྱད་ཆོས་ཉམས་ཞིབ་འགྲེམས་སྟོན་ཁུལ་1ཡོད་ཅིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འགྱུར་ལྡོག་བྱུང་ཚུལ་འགྲེམས་སྟོན་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བ་9པའི་ཟླ་མཇུག་ཏུ་འགྲེམས་སྟོན་བྱེད་འགོ་ཚུགས་པ་ནས་ཟླ་10ཚེས་22ཉིན་བར་འགྲེམས་སྟོན་ལ་ལྟ་སྐོར་བྱེད་མཁན་མི་གྲངས་ཁྲི་78ལས་བརྒལ་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1