ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་དུ་མཇུག་བསྒྲིལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-24



        སྤྱི་ཟླ་10པའི་ཚེས་24ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པས་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འདེམས་ཐོན་བྱུང་ཞིང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་གྲོས་ཆོད་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུའི་གྲོས་ཆོད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་( དག་བཅོས་འཆར་ཟིན)》སྐོར་གྱི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་རྗེས་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཁའི་ངང་མཇུག་བསྒྲིལ། 
        བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་གཙོ་སྐྱོང་མཛད།
        སྔ་དྲོའི་ཆུ་ཚོད་དགུའི་ཐོག་མཇུག་སྒྲིལ་བའི་ཚོགས་ཆེན་ཚོགས་འགོ་ཚུགས།
        ཚོགས་ཆེན་དུ་དངོས་ཞུགས་འཐུས་མི་དང་ཆེད་ཞུའི་འཐུས་མི་2354ཡོད་པ་དང་དངོས་སུ་འབྱོར་བའི་འཐུས་མི་2336ཡོད་པ་དང་། དངོས་སུ་འབྱོར་བའི་འཐུས་མིའི་གྲངས་ཀ་ཚོགས་ཞུགས་འཐུས་མིའི་གྲངས་ཀའི་ཕྱེད་ཀ་བརྒལ་བས་ཚོགས་ཆེན་གྱི་འདེམས་བསྐོ་བྱེད་ཐབས་ཀྱི་སྒྲིག་སྲོལ་དང་མཐུན་པ་རེད།
        གྲོས་ཚོགས་ཐོག་ཐོག་མར་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་གཉིས་དང་འདེམས་ཤོག་ལྟ་ཞིབ་པ་སོ་དྲུག་གི་མིང་ཐོར་གྲོས་འཆམ་བྱུང་། 



        འདེམས་ཤོག་བསྡོམས་རྩིས་བྱས་རྗེས་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་།  ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་བརྒྱུད་ནས་བདམས་ཐོན་བྱུང་བའི་ཁྱབ་བསྒྲགས་གནང་བས་ཚོགས་རའི་ནང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།
        ཚོགས་ཆེན་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་།
 ཚོགས་ཆེན་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་།
        ཚོགས་ཆེན་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག( དག་བཅོས་འཆར་ཟིན)》སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཞིང་དག་བཅོས་འཆར་ཟིན་འདི་གྲོས་འཆམ་བྱུང་བའི་ཉིན་ནས་བཟུང་ནུས་ཆོད་ལྡན་པ་གཏན་འཁེལ་གནང་། དེ་མིན་ད་དུང་ཚོགས་ཆེན་ཐོག་ཏང་གི་སྒྲིག་ཡིག་གི་ནང་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་མར་ཁི་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་དང་མཉམ་དུ་ཏང་གི་ལས་དོན་གྱི་ཕྱོགས་སྟོན་དུ་གཏན་འཁེལ་གནང་།
        ཚོགས་ཆེན་གྱི་གྲོས་རིམ་ཁག་མཇུག་བསྒྲིལ་རྗེས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
        ཚོགས་ཆེན་གཟི་བརྗིད་ལྡན་པའི《རྒྱལ་སྤྱིའི་གླུ་དབྱངས》ཀྱི་གླུ་སྐད་ཁྲོད་བདེ་བླག་ངང་མཇུག་བསྒྲིལ།། 





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1