གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༠ཚེས་༢༥ཉིན།

ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་གྲོས་ཆོད།

 (སྤྱི་ལོ་2017ལོའི་ཟླ་བ་10པའི་ཚེས་24ཉིན་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པས་གྲོས་འཆམ་བྱུང་བ།)
        ད་ལྟ་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ཞུ་རྒྱུ་ཡིན། སྤྱི་ལོ་2017ལོའི་ཟླ་བ་10པའི་ཚེས་24ཉིན་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པས་གྲོས་འཆམ་བྱུང་ཡོད་པ་རེད། 
        ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པས་བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་སྙན་ཞུ་གནང་རྒྱུར་མོས་མཐུན་མཛད་ཡོད། ཚོགས་ཆེན་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་སྟོན་དུ་བྱེད་པ་དང་། རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་གོང་འཕེལ་གྱི་འགྱུར་ལྡོག་ལ་དབྱེ་ཞིབ་གནང་བ། འདས་པའི་ལོ་ལྔའི་རིང་གི་ལས་ཀ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་ཕྱི་དྲན་དང་ཕྱོགས་སྡོམ་གནང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་དོ་མི་སྙོམས་པ་དང་། ཆ་མི་ཚང་བའི་གོང་འཕེལ་དབར་གྱི་འགལ་ཟླ་སོགས་ཆབ་སྲིད་ཀྱི་རིགས་པའི་ཐག་གཅོད་གལ་ཆེན་བྱས་ཡོད། དུས་རབས་གསར་པར་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་ལས་འགན་རྒྱས་བཤད་གཏིང་ཟབ་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལོ་རྒྱུས་ཀྱི་གནས་བབ་གཏན་ལ་འཁེལ་བ། དུས་རབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ཐབས་ཇུས་མཐའ་འཁྱོངས་དང་གོང་འཕེལ་གཏོང་བ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལམ་ཚད་གསར་པའི་དམིགས་འབེན་སྒོ་དབྱེ་རྒྱུ་གཏན་ལ་འཁེལ་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་དང་ཏང་འཛུགས་སྐྱོང་གི་ལས་དོན་རླབས་པོ་ཆེ་གསར་པར་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་ཡོད། ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་ནང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པའི་འཆར་འགོད་ཆེན་པོ་བཟོས་ཤིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་གོང་འཕེལ་ཁ་ཕྱོགས་སྔར་བས་གསལ་སྟོན་གནང་ཡོད་པས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་པ་དང་། ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་བསྒྲགས་གཏམ་དང་བྱ་སྤྱོད་རྩ་འཛིན་མཐའ་འཁྱོངས་དང་གོང་འཕེལ་གཏོང་བར་མཐུན་སྒྲིལ་ངང་སྣེ་ཁྲིད་མཛད་པ་ཞིག་ཡིན་པ། མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པ་རེད། 
        གྲོས་ཚོགས་ཐོག སྙན་ཞུའི་ནང་འགྲེལ་བཤད་གནང་བའི་ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོས་ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་འབད་ཐབས་ཆེར་སྐྱེད་དང་གསར་གཏོད་མདུན་སྐྱོད་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་སེམས་ལ་བརྟན་པོ་བཅངས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་རྒྱལ་ཁ་ཕུ་ཐག་གཅོད་པ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་བྱ་དགོས་པའི་ངོས་འཛིན་གནང་ཡོད། 
        ཚོགས་ཆེན་གྱིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་ཀར་ཚད་མཐོའི་གདེང་འཇོག་གནང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔ་ནི་ཏང་དང་རྒྱལ་ཁབ་གོང་འཕེལ་གཏོང་རིམ་ཁྲོད་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན་པ་དང་། བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལོ་ལྔའི་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་བློ་སྟོབས་དང་འགན་འཁྲི་ཁུར་སེམས་ཆེན་པོའི་ཐོག་ནས། འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་བ་དང་། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་གནང་བ། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་གནང་བ། ལས་དོན་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བཏང་གནང་བ། དུས་ཡུན་རིང་པོའི་ནང་ཐག་གཅོད་བྱ་དགོས་བསམ་ཡང་ཐག་གཅོད་མ་ཐུབ་པའི་དཀའ་གནད་ཐག་གཅོད་གནང་བ། སྔོན་ཆད་སྒྲུབ་བསམ་རུང་བསྒྲུབས་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་གནང་བ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འགྲོ་བར་སྐུལ་འདེད་བཏང་གནང་བ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ལ་འཕྲད་པའི་ཉེན་ཁ་དང་ཚོད་བགམ་གལ་ཆེན་དང་ཏང་ནང་ཁུལ་དུ་ལྷག་པའི་དངོས་གསལ་དོད་པའི་གནད་དོན་ལ་དཔའ་ངར་ཆེན་པོས་ཁ་གཏད་གཅོག་གནང་བ། བློ་སྟོབས་ཆེན་པོས་སྤྱོད་ངན་ཡོ་བསྲང་དང་སྒྲིག་ཁྲིམས་དམ་བཟུང་། རུལ་སུངས་ལ་ངོ་རྒོལ། ཏང་དང་རྒྱལ་ཁབ་ནང་ངོས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་མེད་པ་བཟོས་གནང་བ། ཏང་ནང་གི་ཆབ་སྲིད་འཚོ་བ་རྣམ་པ་གསར་པར་སྒྱུར་གནང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་སྐྱེ་ཁམས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། ཏང་གི་གསར་གཏོད་ནུས་པ་དང་། གོང་བུར་འགྲིལ་ཤུགས། འཐབ་རྩོད་ནུས་པ་བཅས་མངོན་གསལ་ཆེ་རུ་ཕྱིན་པ། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་སྔར་ལས་སྲ་བརྟན་དུ་ཕྱིན་པ། ཏང་ཡོན་དང་མང་ཚོགས་ཀྱི་འབྲེལ་བ་དངོས་གསལ་དོད་པོས་ལེགས་སུ་ཕྱིན་པ། ཏང་གི་གསར་བརྗེའི་རང་བཞིན་སྦྱོང་བརྡར་ཁྲོད་སྔར་བས་སྟོབས་ཆེར་ཕྱིན་པ། སྟོབས་དང་ལྡན་པའི་སྐྱེ་སྟོབས་གསར་པ་འཕེལ་བ་བཅས་ཀྱི་ཐོག་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་རྒྱུར་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད། ལོ་ལྔའི་རིང་ཐོབ་པའི་གྲུབ་འབྲས་ནི་ཕྱོགས་ཡོངས་དང་། གསར་གཏོད་ཀྱི་རང་བཞིན་ལྡན་པ་ཞིག་ཡིན་པ་དང་། ལོ་ལྔའི་རིང་གི་འཕོ་འགྱུར་ནི་གཏིང་ཟབ་པ་དང་། རྩ་བའི་རང་བཞིན་ལྡན་པ་ཞིག་ཡིན། 
        ཚོགས་ཆེན་ཐོག ཡུན་རིང་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད་པ་དང་། དེ་ནི་རང་རྒྱལ་གོང་འཕེལ་གྱི་ལོ་རྒྱུས་གནས་བབས་གསར་པ་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགན་ཟླ་གཙོ་བོ་དེ་མི་དམངས་ཀྱི་ཉིན་རེ་བཞིན་འཕར་སྣོན་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་འཁོ་དང་དོ་སྙོམས་མེད་པ་དང་གོང་འཕེལ་གང་ལེགས་མེད་པའི་བར་གྱི་འགན་ཟླར་འགྱུར་ཡོད། རང་རྒྱལ་སྤྱི་ཚོགས་ཀྱི་འགན་ཟླ་གཙོ་བོའི་འགྱུར་ལྡོག་ནི་གནས་བབས་ཧྲིལ་པོ་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་བ་ཞིག་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་བླང་བྱ་གསར་པ་མང་པོ་བཏོན་ཡོད། ང་ཚོས་གོང་ཕེལ་ལ་མུ་མཐུད་སྐུལ་འདེད་གཏོང་བའི་རྨང་གཞིའི་ཐོག གོང་འཕེལ་དོ་སྙོམས་མེད་པ་དང་གང་ལེགས་མེད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། གོང་འཕེལ་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་ཆེན་པོ་གཏོང་བ། དེ་བས་ཡག་པའི་སྒོ་ནས་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་སོགས་ཐད་མི་དམངས་ཀྱི་ཉིན་རེ་བཞིན་འཕར་སྣོན་འགྲོ་བའི་དགོས་འཁོ་སྐོང་བ། མིའི་ཁྱོན་ཡོངས་གོངའ་ཕེལ་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཡར་རྒྱས་ལ་སྐུལ་འདེད་དེ་བས་ཡག་པ་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་ཡོད་པ་དང་།  
        ཚོགས་ཆེན་ཐོག དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་རྒྱུན་འཁྱོངས་བྱེད་པ་དང་གོང་འཕེལ་གཏོང་བ་དང་། གང་འདྲ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གལ་ཆེའི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་དེ་རྒྱུན་འཁྱོངས་བྱེད་པ་དང་གོང་འཕེལ་གཏོང་བར་གཞིགས་ནས། རང་རེའི་ཏང་གིས་མཐོང་རྒྱ་གསར་པའི་ཐོག་ནས་གུང་ཁྲན་ཏང་གི་སྲིད་འཛིན་ཆོད་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྱོང་གི་ཆོད་ཉིད། མིའི་རིགས་སྤྱི་ཚོགས་གོང་འཕེལ་གྱི་ཆོད་ཉིད་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། དཀའ་ཚེགས་ཆེ་བའི་རིགས་གཞུང་འཚོལ་ཞིབ་བྱས་པ་དང་། རིགས་གཞུང་གསར་གཏོད་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གཏོད་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏིང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་རྒྱུད་འཛིན་དང་གོང་འཕེལ་བཏང་བ་ཞིག་ དང་། མ་ཁེ་སེ་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས། ཏང་དང་མི་དམངས་ཀྱི་ལག་ལེན་ཉམས་མྱོང་དང་མཉམ་སྡེབ་བློ་རིག་གྱི་སྙིང་བཅུད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གཞུང་མ་ལག་གི་གྲུབ་ཆ་གལ་ཆེན་གྱི་གྲས་ཞིག ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་ཆེད་འབད་འཐབ་བྱེད་པའི་བྱ་སྤྱོད་ཕྱོགས་སྟོན་ཞིག་བཅས་ཡིན་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་པ་མ་ཟད་གོང་འཕེལ་ཟམ་མི་ཆད་པ་གཏོང་དགོས་ཞེས་ནན་བཤད་གནང་ཡོད་པ་དང་།
        ཚོགས་ཆེན་ཐོག ཏང་གིས་ལས་དོན་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱིས་ལྟེ་བ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས་བྱེད་པ། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པ། ཏང་གིས་མི་དམངས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་མེས་རྒྱལ་གོང་བུ་གཅིག་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་དོན་ཚན་བཅུ་བཞི་དེ་དག་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་གོང་འཕེལ་གཏོང་བའི་གཞི་རྩའི་ཇུས་གཞི་གྲུབ་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཏང་གི་གཞི་རྩའི་རིག་གཞུང་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། དེ་བས་ཡག་པའི་སྒོ་ནས་ཏང་དང་མི་དམངས་ཀྱི་བྱ་བཞག་གོང་འཕེལ་ཡོང་རྒྱུར་སྣེ་ཁྲིད་བྱེད་དགོས་ཞེས་ནན་བཤད་བྱས་ཡོད་པ་དང་། 
        ཚོགས་ཆེན་ཐོག ད་ལྟ་ནས་སྤྱི་ལོ་2020ལོའི་བར་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པ་བྱེད་པར་མཐའ་མའི་རྒྱལ་ཁབ་ལེན་པའི་དུས་ཚོད་ཡིན། ཚོགས་ཆེན་བཅུ་དྲུག་པ་དང་། ཚོགས་ཆེན་བཅུ་བདུན་པ། ཚོགས་ཆེན་བཅོ་བརྒྱད་པ་བཅས་ཀྱི་ཐོག་བཏོན་པའི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པའི་བླང་བྱ་ཁག་ལྟར། གཙོ་གནད་ལ་དམ་འཛིན་མངོན་གསལ་དོད་པོ་བྱེད་པ་དང་། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱེད་པ། ལྷག་པར་དུ་བློ་བརྟན་འགྱུར་མེད་ངང་གལ་ཆེའི་ཉེན་ཁ་སྔོན་འགོག་བྱེད་པ་དང་སེལ་བ། གནས་འཕིགས་དབུལ་གྲོལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པར་མི་དམངས་ཀྱི་ཁས་ལེན་ཐོབ་པ་དང་། ལོ་རྒྱུས་ཀྱི་ཚོད་གམས་ཐེག་ཐུབ་པ་བྱེད་དགོས་ཞེས་བཏོན་ཡོད། 
        ཚོགས་ཆེན་ཐོག ཚོགས་ཆེན་བུཅུ་དགུ་པ་ནས་ཚོགས་ཆེན་ཉི་ཤུ་པའི་བར་ནི་ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་མཉམ་འདྲེས་དུས་སྐབས་ཡིན། ང་ཚོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པ་བྱས་ཏེ། ལོ་བརྒྱད་ཐམ་པ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་དགོས་པ་མ་ཟད། དུས་བབས་དང་བསྟུན་ནས་གོང་འཕེལ་ཡོང་བ་བྱས་ཏེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྐྲུན་པའི་རྒྱལ་ཁབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་འགོ་བཙུགས་ཏེ། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་མདུན་སྐྱོད་བྱེད་དགོས། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབས་དང་རང་རྒྱལ་གོང་འཕེལ་གྱི་ཆ་རྐྱེན་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཏེ། སྤྱི་ལོ་2020ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུས་མཚམས་གཉིས་ལ་དབྱེ་ནས་བཀོད་སྒྲིག་བྱེད་ཆོག་གི་ཡོད། དུས་མཚམས་དང་པོ་ནི། སྤྱི་ལོ་2020ལོ་ནས་སྤྱི་ལོ་2035ལོའི་བར། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པའི་རྨང་གཞིའི་ཐོག སླར་ཡང་ལོ་བཅོ་ལྔ་འབད་འཐབ་བྱས་ཏེ། གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱེད་དགོས། དུས་མཚམས་གཉིས་པར། སྤྱི་ལོ་2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར། དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པའི་རྨང་གཞིའི་ཐོག སླར་ཡང་ལོ་བཅོ་ལྔ་འབད་འཐབ་བྱས་ཏེ། རང་རྒྱལ་དེ་ཉིད་འབྱོར་ཕྱུག་དང་དམངས་གཙོ། ཤེས་དཔལ་། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ལ་སྐྲུན་ཟིན་པ་བྱེད་དགོས་པའི་ངོས་འཛིན་གནང་ཡོད་པ་རེད། 
        ཚོགས་ཆེན་ཐོག་སྙན་ཞུའི་ནང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བཅས་སྐོར་གྱི་བཀོད་སྒྲིག་ལ་མོས་མཐུན་བྱས་ཡོད་པ་རེད། ཚོགས་ཆེན་ཐོག གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་དེང་རབས་དཔལ་འབྱོར་མ་ལག་འཛུགས་སྐྲུན། སྤུས་ཚད་ཨང་དང་པོར་འཇོག་པ་དང་ཕན་འབྲས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱེད་རྒྱུ་གཙོ་བོ་བྱེད་པ། དཔལ་འབྱོར་གོང་འཕེལ་གྱི་སྤུས་ཚད་འཕོ་འགྱུར་དང་། ལས་ཆོད་འཕོ་འགྱུར། སྒུལ་ཤུགས་འཕོ་འགྱུར་བཅས་ལ་སྐུལ་འདེད་གཏོང་བ། ནུས་ཤུགས་གང་ཡོད་ཀྱིས་དངོས་གཟུགས་དཔལ་འབྱོར་དང་ཚན་རྩལ་གསར་སྐྲུན། དེང་རབས་དངུལ་རྩ། མི་ཤུགས་ཐོན་ཁུངས་བཅས་མཉམ་དུ་གོང་འཕེལ་གཏོང་རྒྱུའི་ཐོན་ལས་མ་ལག་འཛུགས་རྒྱུ་མགྱོགས་སུ་གཏོང་བ།ནུས་ཤུགས་གང་ཡོད་ཀྱིས་ཁྲོམ་རྭའི་སྒྲིག་གཞི་ནུས་ལྡན་དང་། གཙོ་གཟུགས་ཆུང་གྲས་ལ་གསོན་ཤུགས་ཡོད་པ། སྤྱི་ཁོག་སྙོམས་སྒྲིག་ཚོད་འཛིན་ཚད་རན་པ་བཅས་ཀྱི་དཔལ་འབྱོར་སྒྲིག་གཞི་བཙུགས་ནས་རང་རྒྱལ་དཔལ་འབྱོར་གྱི་གསར་སྐྲུན་ནུས་པ་དང་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་ཤུགས་ཆེར་གཏོང་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་དུ་གཏོང་བ་དང་གསར་སྐྲུན་རྣམ་པའི་རྒྱལ་ཁབ་འཛུགས་རྒྱུ་མགྱོགས་སུ་གཏོང་བ། ཤང་དང་གྲོང་ཚོ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ། ས་ཁོངས་མཐུན་སྦྱོར་གོང་འཕེལ་འཐབ་ཇུས་ལག་བསྟར་བྱེད་པ། སྤྱི་ཚོགས་རིང་ལུགས་ཁྲོམ་རྭའི་དཔལ་འབྱོར་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུ་མགྱོགས་སུ་གཏོང་བ། ཁྱོན་ཡོངས་སྒོ་དབྱེའི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤུས་ཚད་སྔར་བས་མཐོ་བ་དང་ལས་ཆོད་སྔར་ལས་ཆེ་བ། སྔར་བས་གཞུང་དྲང་། སྔར་བས་རྒྱུན་མཐུད་བཅས་ཀྱི་གོང་འཕེལ་ཡོང་བ་བྱེད་དགོས། མི་དམངས་ཀྱི་རང་ཁྱིམ་རང་བདག་གི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་གོང་འཕེལ་གཏོང་བ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་རྒྱུ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་བཅས་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་དམངས་ཀྱི་རང་ཁྱིམ་རང་བདག་ལམ་ལུགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་པ། ཁྲིམས་ལྟར་རྒྱལ་སྐྱོང་གི་ལག་ལེན་དངོས་གཏིང་ཟབ་ཏུ་གཏོང་བ། ལས་ཁུངས་དང་སྲིད་འཛིན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། རྒྱལ་གཅེས་གཅིག་གྱུར་འཐབ་ཕྱོགས་སྲ་བརྟན་དང་གོང་འཕེལ་གཏོང་བ། གསོན་ཉམས་ལྡན་ལ་འཁྲུག་ཆ་དོད་པ་དང་ལྷིང་འཇགས་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲ་བརྟན་གོང་འཕེལ་གཏོང་དགོས། རིག་གནས་བློ་སྤོབས་བརྟན་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ། འདུ་ཤེས་འཛིན་སྟངས་ལས་དོན་ལ་འགོ་ཁྲིད་བྱེད་དབང་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྤེལ་དང་ལག་བསྟར་བྱེད་པ། བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། མི་རིགས་ཡོངས་ཀྱི་རིག་གནས་གསར་སྐྲུན་གསར་གཏོད་གསོན་ཤུགས་ལ་སྐུལ་སྤེལ་གཏོང་དགོས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་གསར་སྐྲུན་བྱེད་པ། མི་དམངས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་ཆེས་ཐད་ཀར། ཆེད་དོན་དངོས་ཀྱི་ཁེ་ཕན་གནད་དོན་འཛིན་པ། སློབ་གསོའི་བྱ་གཞག་སྔོན་ལ་གོང་འཕེལ་གཏོང་བ། ལས་ཞུགས་སྤུས་ཚད་དང་མི་དམངས་ཀྱི་ཡོང་བབ་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་ཤུགས་ཆེ་རུ་གཏོང་བ། སེམས་ཐག་གཙང་ཅད་ཀྱིས་དབུལ་སྒྲོལ་འགག་གཏོར་དམག་འཐབ་ཀྱི་རྒྱལ་ཁ་ལེན་པ། བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་བྱེད་པ། མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་གཏོད་པ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བཅས་བྱས་ནས་མི་དམངས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཟབ་ཏུ་གཏོང་བ་དང་སྔར་བས་འགན་སྲུང་བྱེད་པ། སྔར་བས་རྒྱུན་མཐུད་ཡོང་བ་བྱེད་དགོས། སྐྱེ་ཁམས་ཤེས་དཔལ་སྒྲིག་གཞི་སྒྱུར་བཅོས་བྱེད་རྒྱུ་མགྱོགས་སུ་གཏོང་བ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན། ལྗང་མདོག་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ནུས་ཤུགས་གང་ཡོད་ཀྱིས་མངོན་བསལ་དོད་པའི་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་པ་དང་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་སྒྲིག་གཞི་སྒྱུར་བཅོས་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་གོང་འཕེལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་སྟོན་བྱས་ཡོད་པ་རེད། 
        ཚོགས་ཆེན་ཐོག རྒྱལ་ཁབ་བདེ་འཇགས་ཁོར་ཡུག་ལ་འགྱུར་བ་གཏིང་ཟབ་བྱུང་བ་དང་སྟོབས་ཆེའི་རྒྱལ་ཁབ་དང་སྟོབས་ཆེའི་དམག་དཔུང་འཛུགས་སྐྱོང་བྱེད་པའི་དུས་རབས་ཀྱི་བླང་བྱའི་མདུན་དུ་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྟོབས་ཆེའི་དམག་དཔུང་འཛུགས་སྐྱོང་བྱེད་པའི་ལམ་བུའི་ཐོག་སྐྱོད་དགོས་པ་དང་ཞི་ཅིན་ཕིང་གི་སྟོབས་ཆེའི་དམག་དཔུང་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ། སྟོབས་ཆེའི་དེང་རབས་ཅན་གྱི་སྐམ་དམག་དང་མཚོ་དམག མཁའ་དམག མེ་སྒྱོགས་དམག འཐབ་ཇུས་རྒྱབ་སྐྱོར་དཔུང་སྡེ་བཅས་འཛུགས་སྐྱོང་བྱེད་པ། དཔའ་ངར་ཆེ་ལ་ལས་ཆོད་མཐོ་བའི་དམག་འཐབ་ཁུལ་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལས་ཁུངས་སྐྲུན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དམག་འཐབ་མ་ལག་སྐྲུན་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་འགྱུར་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས་མི་དམངས་དམག་དཔུང་དེ་འཛམ་གླིང་ཐོག་གི་རྩེར་སོན་དམག་དཔུང་ལ་འཛུགས་སྐྱོང་བྱེད་དགོས་ཞེས་ནན་སྟོན་བྱས་འདུག  
        ཚོགས་ཆེན་ཐོག་ཤང་གང་དང་ཨའོ་མོན་ཡུན་རིང་དར་རྒྱས་གོང་འཕེལ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཤང་གང་བས་ཤང་གང་བཅོས་སྐྱོང་དང་ཨའོ་མོན་བས་ཨའོ་མོན་བཅོས་སྐྱོང་། ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལ་གཞིགས་ནས་བྱ་བ་ནན་པོ་བསྒྲུབ་ཐོག་ཤང་གང་དང་ཨའོ་མོན་གྱི་སྤུན་ཟླ་ཚོས་མེས་རྒྱལ་མི་དམངས་དང་མཉམ་དུ་མི་རིགས་སྐྱར་དར་གྱི་ལོ་རྒྱུས་འགན་འཁྲི་ཁུར་བ་དང་མེས་རྒྱལ་དར་རྒྱས་སྟོབས་འབྱོར་གྱི་རླབས་ཆེན་གཟི་བརྗིད་མཉམ་སྤྱོད་ཐུབ་པ་བྱ་དགོས། ངེས་པར་དུ་ཞི་བདེ་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་མུ་མཐུད་རྒྱུན་འཁྱོངས་བྱེད་པ། མཚོ་འགག་གཡས་གཡོན་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་མཉམ་ལས་རྒྱ་ཆེར་གཏོང་བ། མཚོ་འགག་གཡས་གཡོན་གཉིས་པོའི་སྤུན་ཟླས་ཐུན་མོང་ཐོག་ཀྲུང་ཧྭ་ཡི་རིག་གནས་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། མཚོ་འགག་གཡས་གཡོན་གཉིས་པོའི་འབྲེལ་བ་ཞི་བདེའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་གང་རུང་ཞིག་དང་སྒྲིག་འཛུགས་གང་རུང་ཞིག སྲིད་ཏང་གང་རུང་ཞིག་བཅས་ཀྱིས་དུས་གང་རུང་ཞིག་དང་རྣམ་པ་གང་རུང་ཞིག་གི་ཐོག་ནས་ཀྲུང་གོའི་མངའ་ཁོངས་ས་ཆ་གང་ཞིག་ཀྱང་ཀྲུང་གོ་ནས་ཁ་བྲལ་དུ་གཏོང་དུ་འཇུག་མི་སྲིད་ཅེས་ནན་བཤད་གནང་ཡོད་པ་རེད།
        ཚོགས་ཆེན་ཐོག སྙན་ཞུའི་ནང་རྒྱལ་སྤྱིའི་དུས་བབ་ལ་དབྱེ་ཞིབ་བྱེད་པ་དང་ཕྱི་ཕྱོགས་ལས་དོན་གྱི་མཛད་ཕྱོགས་སྟོན་པའི་ཐད་མོས་མཐུན་གནང་ནས། ཀྲུང་གོས་ཞི་བའི་གོང་འཕེལ་འགྲོ་ལམ་རྒྱུན་འཁྱོངས་བྱ་རྒྱུ་དང་། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། གཉིས་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་རྒྱུ། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་། ཐུན་མོང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཕྱི་འབྲེལ་སྲིད་ཇུས་ཀྱི་སྙིང་དོན་མཐའ་འཁྱོངས་བྱ་རྒྱུ། བློ་བརྟན་འགྱུར་མེད་ངང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔའི་རྨང་གཞིའི་སྟེང་རྒྱལ་ཁབ་ཁག་བར་གྱི་མཛའ་གྲོགས་མཉམ་ལས་འཕེལ་རྒྱས་གཏོང་རྒྱུ། རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། མུ་མཐུད་འཛམ་གླིང་བཅོས་སྐྱོང་མ་ལག་བསྒྱུར་བཅོས་དང་འཛུགས་སྐྱོང་ནང་ཧུར་ཐག་ངང་ཞུགས་རྒྱུ། ཕན་ཚུན་བརྩི་འཇོག་དང་གཞུང་དྲང་དྲང་བདེན། མཉམ་ལས་གཉིས་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ། མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་སྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་ལྷན་དུ་ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས། མཐུན་མོང་དར་རྒྱས། སྒོ་དབྱེ་ཁོག་ཡངས། དྭངས་གཙང་མཛེས་སྡུག་ལྡན་པའི་འཛམ་གླིང་སྐྲུན་དགོས་ཞེས་ནན་སྟོན་གནང་བ་དང་། 
        ཚོགས་ཆེན་ཐོག ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེའི་འཐབ་རྩོད་བྱེད་པ་དང་། རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེའི་ཕུགས་འདུན་མངོན་འགྱུར་མངོན་འགྱུར་ཡོང་བ་བྱེད་པར། ངེས་པར་དུ་གཡོ་འགུལ་སྤུ་ཚམ་མེད་པའི་སྒོ་ནས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་དེ་ཉིད་སྔར་བས་སྲ་བརྟན་དང་ནུས་ལྡན་ཞིག་ལ་འཛུགས་སྐྱོང་བྱེད་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ནི། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་དགོས་པ་དང་། ཏང་གིས་ཏང་དོ་དམ་དང་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་རྒྱུན་འཁྱོངས། ཏང་གི་ཡུན་རིང་སྲིད་འཛིན་ནུས་པ་འཛུགས་སྐྱོང་དང་། སྔོན་ཐོན་རང་བཞིན། དྭངས་གཙང་རང་བཞིན་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་གཏོང་རྒྱུས་གཙོ་ཐིག་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་སྣེ་ཁྲིད་བྱེད་པ། ཕུགས་བསམ་དད་སེམས་བརྟན་དུ་གཏོང་བའི་དམིགས་ཡུལ་གྱིས་གཞི་རྩ་བྱེད་པ། ཏང་ཡོངས་ཀྱི་ཧུར་སེམས་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སློང་བྱ་རྒྱུ་གཙོ་གནད་དུ་འཇོག་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་བསམ་བློ་འཛུགས་སྐྱོང་། སྒྲིག་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་དེ་དེའི་ནང་ཁྱབ་པ་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ། ཏང་འཛུགས་སྐྱོང་གི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ཏང་དེ་ཉིད་སྔ་ཕྱི་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དང་མི་དམངས་ཀྱིས་སྙིང་དབུས་ནས་གུས་བཀུར་ཞུ་ས། རང་ངོས་བསྒྱུར་བཅོས་བྱེད་ཕོད་པ། ཉམས་མྱོང་སྣ་ཚོགས་ཐེག་ཐུབ་པ། སྐྱེ་སྟོབས་ཀྱི་དཔལ་འབར་བའི་མ་ཁེ་སི་རིང་ལུགས་སྲིད་འཛིན་ཏང་ཞིག་ལ་འཛུགས་སྐྲུན་བྱ་དགོས་ཞེས་ནན་སྟོན་གནང་བ་དང་། 
        ཚོགས་ཆེན་ཐོག ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་དགོས། ཏང་ཡོངས་ཀྱིས་ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་དང་གནས་བབ་ཧྲིལ་པོའི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་མཐོ་རུ་གཏོང་དགོས་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཏང་གི་ཆབ་སྲིད་ལམ་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩི་སྲུང་ནན་ཏན་བྱེད་པ། ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱ་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད། 
        ཚོགས་ཆེན་ཐོག ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་སྒྲེང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ། སྙིང་རུས་ཡར་བརྩོན་དང་། དཀའ་སྤྱད་འབད་འཐབ་ཀྱིས་དེང་རབས་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལེགས་འགྲུབ་བྱེད་པ། འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་ལོ་རྒྱུས་འགན་འཁྲི་ཆེན་པོ་གསུམ་མངོན་འགྱུར་ཐུབ་ཆེད་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ། མི་དམངས་ནས་མཛེས་སྡུག་ལྡན་པའི་འཚོ་བར་རེ་འདོད་བྱེད་པ་མངོན་འགྱུར་བཅས་ཡོང་ཆེད་མུ་མཐུད་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་གནངཡོད་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1