ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 10-25


(སྤྱི་ལོ་2017ལོའི་ཟླ་བ་10པའི་ཚེས་24ཉིན་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་ཡོད། )
       ད་ལྟ་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད། སྤྱི་ལོ་2017ལོའི་ཟླ་བ་10པའི་ཚེས་24ཉིན་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་བ་དེ་ཞུ་རྒྱུ།
       ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་ཞིབ་དཔྱད་དང་ཆོག་མཆན་གནང་ཡོད།  ཚོགས་ཆེན་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཡོད།  
       ཚོགས་ཆེན་ཐོག  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག  ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་འདུ་ཤེས་དང་གནས་བབ་ཧྲིལ་པོའི་འདུ་ཤེས།  སྲོག་ཤིང་འདུ་ཤེས།  མིག་དཔེའི་འདུ་ཤེས་བཅས་བརྟན་པོ་བཙུགས་པ་དང་།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་བློ་སྤོབས་དང་རིག་གཞུང་བློ་སྤོབས།  ལམ་ལུགས་བློ་སྤོབས།  རིག་གནས་བློ་སྤོབས་བཅས་བརྟན་དུ་བཏང་ཐོག   རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཤིང་།  ཏང་གི་སྒྲིག་ཡིག་ལ་སྲུང་བརྩི་དང་འགན་འཁྲི་ཁུར་རྒྱུར་ལྷག་བསམ།  སྒོ་ཀུན་ནས་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུ་གོང་འཕེལ་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་གཏོང་བ།  ཏང་གིས་སྲིད་དབང་འཛིན་པའི་ཆབ་སྲིད་རྨང་གཞི་བརྟན་དུ་གཏོང་བ།  ལྷག་བསམ་ཟོལ་མེད་དང་སྤྱོད་གཙང་།  འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་པ་བཅས་བྱས་ནས་ཏང་དང་མི་དམངས་གཉིས་ཀར་ཕུལ་བྱུང་གི་གྲུབ་འབྲས་རྩིས་སྤྲོད་བྱས་ཡོད་པའི་ངོས་འཛིན་གནང་ཡོད།
       ཚོགས་ཆེན་གྱིས།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པར་བསྒྲེངས་ཞིང་།  མ་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ།  ཏེང་ཞའོ་ཕིང་གི་རིག་པའི་གཞུང་ལུགས།  མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན།  ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ།  ཞི་ཅིན་ཕིང་གི་དུས་སྐབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ཀྱིས་མཛུབ་ཁྲིད་བྱས་ཏེ་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་སྒོ་ཀུན་ནས་ལག་ལེན་བསྟར་བ་དང་།  གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་བ།  འདུ་ཤེས་བཞི་ཤུགས་ཆེར་གཏོང་བ།   བློ་སྤོབས་བཞི་བརྟན་དུ་གཏོང་བ།  ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཕྲག་ཏུ་ཁུར་བ།   ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྱོང་།  སྒོ་ཀུན་ནས་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུ།  ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ལ་དམ་པོར་གཞིགས་པ།  ཏང་ནང་ཁུལ་གྱི་ཆབ་སྲིད་འབྱུང་ཁམས་གཞི་རྩའི་ཆ་ནས་ལེགས་འགྱུར་ཐུབ་རྒྱུར་སྐུལ་འདེད་གཏོང་བ།  ཏང་གི་སྒྲིག་ཡིག་ལས་སྤྲད་པའི་སྒྲིག་ཁྲིམས་ལག་བསྟར་དང་འགན་ཁྲི་རྩད་གཅོད་བྱ་རྒྱུར་ལྟ་སྐུལ་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་པ་བཅས་བྱས་ཏེ་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་པར་བྱེད་པ་དང་།  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུར་སྲ་ཞིང་བརྟན་པའི་འགན་སྲུང་མཁོ་འདོན་བྱེད་དགོས་ལ།  ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོའི་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱ་དགོས་ཞེས་བླང་བྱ་བཏོན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1