བློ་མཐུན་ཧན་ཀྲེང་གི་ལོ་རྒྱུས་མདོར་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 10-26


       ཧན་ཀྲེང་། སྐྱེས་པ། རྒྱ་རིགས། སྤྱི་ལོ་༡༩༥༤ལོའི་ཟླ་བ་༤པར་ཀྲེ་ཅང་ཚི་ཤི་རུ་འཁྲུངས། སྤྱི་ལོ་༡༩༧༥ལོའི་ཟླ་བ་༡༢པར་ཕྱག་ལས་ནང་ཞུགས་པ་དང་། སྤྱི་ལོ་༡༩༧༩ལོའི་ཟླ་བ་༥པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། ཁོང་ནི་ཧྭ་ཏུང་དགེ་འོད་སློབ་ཆེན་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་རྒྱལ་སྤྱིའི་འབྲེལ་བ་དང་འཛམ་གླིང་དཔལ་འབྱོར་ཆེད་ལས་ནས་སློབ་མཐར་ཕྱིན་པ་དང་། ལས་ཐོག་ཞིབ་འཇུག་སློབ་མའི་ཡོན་ཚད་དང་དཔལ་འབྱོར་རིག་པའི་རབ་འབྱམས་པའི་ཡོན་ཚད། མཐོ་རིམ་དཔལ་འབྱོར་རིག་པའི་སློབ་དཔོན་བཅས་ཡིན།
       ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་དང་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་བཞིན་ཡོད།
       སྤྱི་ལོ་༡༩༧༥ལོ་ནས་སྤྱི་ལོ་༡༩༨༠ལོའི་བར། ཧྲང་ཧའེ་ཞུས་ཧུའེ་ལྗིད་བཏེགས་ལྷུ་སྒྲིག་རུ་ཁག་གི་མཛོད་ཁང་དོ་དམ་པ་དང་མཁོ་སྤྲོད་མ་རྐང་གི་ལས་དོན་པ། གུང་གཞོན་སྡེ་ཚོགས་སྤྱི་ཁྱབ་ཀྲི་པུའུ་ཡི་ཧྲུའུ་ཅི་གཞོན་པའི་འགན་གནས་བཞེས་གནང་བ་དང་།
       སྤྱི་ལོ་༡༩༨༠ལོ་ནས་སྤྱི་ལོ་༡༩༨༢ལོའི་བར། ཧྲང་ཧའེ་གྲོང་ཁྱེར་རྫས་འགྱུར་བཟོ་ལས་སྒྲིག་ཆས་བཟོ་ལས་ཀུང་སིའི་ལས་བྱ་དང་། གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་གནང་།
       སྤྱི་ལོ་༡༩༨༢ལོ་ནས་སྤྱི་ལོ་༡༩༨༦ལོའི་བར། ཧྲང་ཧའེ་གྲོང་ཁྱེར་རྫས་འགྱུར་བཟོ་ལས་ཅུད་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གནང་བ་དང་དེའི་རིང་སྤྱི་ལོ་༡༩༨༣ལོ་ནས་སྤྱི་ལོ་༡༩༨༥ལོའི་བར་ཧྥུ་ཏན་སློབ་ཆེན་གྱི་ཆེད་ལས་ཚན་ཁག་འཛིན་གྲྭར་སློབ་སྦྱོང་གནང་ནས་ཞུགས།
       སྤྱི་ལོ་༡༩༨༦ལོ་ནས་སྤྱི་ལོ་༡༩༨༧ལོའི་བར། ཧྲང་ཧའེ་གྲོང་ཁྱེར་རྫས་འགྱུར་བཟོ་ལས་ཆེད་ཚན་སློབ་གྲྭའི་ཏང་ཨུད་ཧྲུའུ་ཅི་གཞོན་པའི་འགན་བཞེས།
       སྤྱི་ལོ་༡༩༨༧ལོ་ནས་སྤྱི་ལོ་༡༩༨༨ལོའི་བར། ཧྲང་ཧའེ་གྲོང་ཁྱེར་འགྱིག་ལྷམ་བཟོ་གྲྭའི་ཏང་ཨུད་ཧྲུའུ་ཅི་དང་བཟོ་གྲྭའི་འགོ་འཛིན་གཞོན་པའི་འགན་བཞེས། དེའི་རིང་སྤྱི་ལོ་༡༩༨༥ལོ་ནས་སྤྱི་ལོ་༡༩༨༧ལོའི་བར་ཧྭ་ཏུང་དགེ་འོད་སློབ་ཆེན་གྱི་མཚན་མོའི་སློབ་ཆེན་གྱི་ཆབ་སྲིད་སློབ་གསོའི་ཚན་ཁག་གི་ཆེད་ལས་ལ་སློབ་སྦྱོང་གནང་།
       སྤྱི་ལོ་༡༩༨༨ལོ་ནས་སྤྱི་ལོ་༡༩༩༠ལོའི་བར། ཧྲང་ཧའེ་ཀྲུང་ཧྭ་ཆེན་མོའི་འགྱིག་བཟོ་གྲྭའི་ཏང་ཨུད་ཧྲུའུ་ཅི་དང་བཟོ་གྲྭའི་འགོ་འཛིན་གཞོན་པའི་འགན་བཞེས།
       སྤྱི་ལོ་༡༩༩༠ལོ་ནས་སྤྱི་ལོ་༡༩༩༡ལོའི་བར། གུང་གཞོན་སྡེ་ཚོགས་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས།
       སྤྱི་ལོ་༡༩༩༡ལོ་ནས་སྤྱི་ལོ་༡༩༩༢ལོའི་བར། གུང་གཞོན་སྡེ་ཚོགས་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས།
       སྤྱི་ལོ་༡༩༩༢ལོ་ནས་སྤྱི་ལོ་༡༩༩༣ལོའི་བར། ཧྲང་ཧའེ་གྲོང་ཁྱེར་ལུ་ཝན་ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་གྱི་ལས་ཚབ་པའི་འགན་བཞེས།
       སྤྱི་ལོ་༡༩༩༣ལོ་ནས་སྤྱི་ལོ་༡༩༩༥ལོའི་བར། ཧྲང་ཧའེ་གྲོང་ཁྱེར་ལུ་ཝན་ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་གྱི་འགན་བཞེས། དེའི་རིང་། སྤྱི་ལོ་༡༩༩༡ལོ་ནས་སྤྱི་ལོ་༡༩༩༤ལོའི་བར་ཧྭ་ཏུང་དགེ་འོད་སློབ་ཆེན་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་རྒྱལ་སྤྱིའི་འབྲེལ་བ་དང་འཛམ་གླིང་དཔལ་འབྱོར་ཆེད་ལས་སུ་ལས་ཐོག་ཞིབ་འཇུག་སློབ་མ་གནང་བ་དང་དཔལ་འབྱོར་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ།
       སྤྱི་ལོ་༡༩༩༥ལོ་ནས་སྤྱི་ལོ་༡༩༩༧ལོའི་བར། ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དང་། གྲོང་ཁྱེར་ཕྱོགས་བསྡུས་དཔལ་འབྱོར་ལས་དོན་གྱི་ཏང་ཨུད་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཏང་ཙུའི་ཧྲུའུ་ཅི། གྲོང་ཁྱེར་དངུལ་འཛིན་དོ་དམ་གཞུང་ལས་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།
       སྤྱི་ལོ་༡༩༩༧ལོ་ནས་སྤྱི་ལོ་༡༩༩༨ལོའི་བར། ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པའི་འགན་བཞེས།
       སྤྱི་ལོ་༡༩༩༨ལོ་ནས་སྤྱི་ལོ་༢༠༠༢ལོའི་བར། ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུད་དང་གྲོང་སྤྱི་གཞོན་པའི་འགན་བཞེས།
       སྤྱི་ལོ་༢༠༠༢ལོ་ནས་སྤྱི་ལོ་༢༠༠༣ལོའི་བར། ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་གཞོན་པའི་འགན་བཞེས།
       སྤྱི་ལོ་༢༠༠༣ལོ་ནས་སྤྱི་ལོ་༢༠༠༤ལོའི་བར། ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱིའི་འགན་བཞེས།
       སྤྱི་ལོ་༢༠༠༤ལོ་ནས་སྤྱི་ལོ་༢༠༠༦ལོའི་བར། ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱིའི་འགན་བཞེས་གནང་བ་དང་། སྤྱི་ལོ་༢༠༡༠ལོའི་ཧྲང་ཧའེ་རྒྱལ་སྤྱིའི་དངོས་མང་འགྲེམ་ཚོགས་ཀྱི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་དང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་རིན་གྱི་འགན་བཞེས།
       སྤྱི་ལོ་༢༠༠༦ལོ་ནས་སྤྱི་ལོ་༢༠༠༧ལོའི་བར། ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་ལས་ཚབ་དང་གྲོང་སྤྱིའི་འགན་བཞེས་གནང་བ་དང་། སྤྱི་ལོ་༢༠༡༠ལོའི་ཧྲང་ཧའེ་འཛམ་གླིང་དངོས་མང་འགྲེམ་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཨང་དང་པོ། ལག་བསྟར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་རིན། ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།
      སྤྱི་ལོ་༢༠༠༧ལོ་ནས་སྤྱི་ལོ་༢༠༠༨ལོའི་བར། ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱིའི་འགན་བཞེས་གནང་བ་དང་། སྤྱི་ལོ་༢༠༡༠ལོའི་ཧྲང་ཧའེ་འཛམ་གླིང་དངོས་མང་འགྲེམ་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཨང་དང་པོ་དང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།
       སྤྱི་ལོ་༢༠༠༨ལོ་ནས་སྤྱི་ལོ་༢༠༡༡ལོའི་བར། ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱིའི་འགན་བཞེས་གནང་བ་དང་། སྤྱི་ལོ་༢༠༡༠ལོའི་ཧྲང་ཧའེ་འཛམ་གླིང་དངོས་མང་འགྲེམ་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་དང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའ་རིན་གྱི་འགན་བཞེས།
       སྤྱི་ལོ་༢༠༡༡ལོ་ནས་སྤྱི་ལོ་༢༠༡༢ལོའི་བར། ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱིའི་འགན་བཞེས།
       སྤྱི་ལོ་༢༠༡༢ལོ་ནས་སྤྱི་ལོ་༢༠༡༧ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས།
       སྤྱི་ལོ་༢༠༡༧ལོ་ནས་བཟུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས་བཞིན་ཡོད།
       སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་བཅས་ཡིན།།


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1