བློ་མཐུན་ཝང་ཧུའུ་ཉིང་གི་ལོ་རྒྱུས་མདོར་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་རླུང་འཕྲིན་དྲ་བ། སྤེལ་དུས། 10-26


       ཝང་ཧུའུ་ཉིང་། སྐྱེས་པ། རྒྱ་རིགས། སྤྱི་ལོ་༡༩༥༥ལོའི་ཟླ་བ་༡༠པར་ཧྲན་ཏུང་ལའེ་ཀྲོའུ་རུ་འཁྲུངས། སྤྱི་ལོ་༡༩༧༧ལོའི་ཟླ་བ་༢པར་ཕྱག་ལས་ནང་ཞུགས། སྤྱི་ལོ་༡༩༨༤ལོའི་ཟླ་བ་༤པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། ཧྥུའུ་ཏན་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་ཆབ་སྲིད་ཚན་ཁག་གི་རྒྱལ་སྤྱིའི་ཆབ་སྲིད་ཆེད་ལས་ནས་སློབ་མཐར་ཕྱིན་པ་དང་། ཞིབ་འཇུག་སློབ་མའི་ཡོན་ཚད་དང་ཁྲིམས་ལུགས་རིགས་པའི་རབ་འབྱམས་པའི་སློབ་གནས། དགེ་རྒན་ཆེན་མོ་བ།
       ད་ཆ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན། ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་གཏིང་ཟབ་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་གནས་བཞེས་བཞིན་ཡོད།
       སྤྱི་ལོ་༡༩༧༢ལོ་ནས་སྤྱི་ལོ་༡༩༧༧ལོའི་བར་ཧྲང་ཧའེ་དགེ་འོས་སློབ་གྲྭ་ཆེན་མོའི་ལས་བྱེད་པའི་སློབ་གྲྭའི་ཕྱི་རྒྱལ་སྐད་ཡིག་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་།
       སྤྱི་ལོ་༡༩༧༧ལོ་ནས་སྤྱི་ལོ་༡༩༧༨ལོའི་བར་ཧྲང་ཧའེ་གྲོང་ཁྱེར་དཔེ་སྐྲུན་ཅུས་སུ་ཕྱག་ལས་གནང་།
       སྤྱི་ལོ་༡༩༧༨ལོ་ནས་སྤྱི་ལོ་༡༩༨༡ལོའི་བར་ཧྥུའུ་ཏན་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་ཆབ་སྲིད་ཚན་ཁག་གི་རྒྱལ་སྤྱིའི་ཆབ་སྲིད་ཆེད་ལས་སུ་རབ་འབྱམས་པའི་སློབ་གནས་བླངས།
       སྤྱི་ལོ་༡༩༨༡ལོ་ནས་སྤྱི་ལོ་༡༩༨༩ལོའི་བར་ཧྥུའུ་ཏན་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་ཆབ་སྲིད་ཚན་ཁག་གི་དགེ་རྒན་དང་། དགེ་རྒན་ཆེན་མོ་གཞོན་པ། དགེ་རྒན་ཆེན་མོ་བཅས་གནང་།
       སྤྱི་ལོ་༡༩༨༩ལོ་ནས་སྤྱི་ལོ་༡༩༩༤ལོའི་བར་ཧྥུའུ་ཏན་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་ཆབ་སྲིད་ཚན་ཁག་གི་ཀྲུའུ་རེན་གྱི་འགན་གནས་བཞེས།
       སྤྱི་ལོ་༡༩༩༤ལོ་ནས་སྤྱི་ལོ་༡༩༩༥ལོའི་བར་ཧྥུའུ་ཏན་སློབ་གྲྭ་ཆེན་མོའི་ཁྲིམས་རིག་པའི་སློབ་གླིང་གི་འགོ་འཛིན་པའི་འགན་གནས་བཞེས།
       སྤྱི་ལོ་༡༩༩༥ལོ་ནས་སྤྱི་ལོ་༡༩༩༨ལོའི་བར་ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཆབ་སྲིད་ཚོ་ཆུང་གི་འགོ་འཛིན་པའི་འགན་གནས་བཞེས།
       སྤྱི་ལོ་༡༩༩༨ལོ་ནས་སྤྱི་ལོ་༢༠༠༢ལོའི་བར་ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པའི་འགན་གནས་བཞེས།
       སྤྱི་ལོ་༢༠༠༢ལོ་ནས་སྤྱི་ལོ་༢༠༠༧ལོའི་བར་ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གྱི་འགན་གནས་བཞེས།
       སྤྱི་ལོ་༢༠༠༧ལོ་ནས་སྤྱི་ལོ་༢༠༡༢ལོའི་བར་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་ཀྲུང་གཞུང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གྱི་འགན་གནས་བཞེས།
       སྤྱི་ལོ་༢༠༡༢ལོ་ནས་སྤྱི་ལོ་༢༠༡༤ལོའི་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གྱི་འགན་གནས་བཞེས།
       སྤྱི་ལོ་༢༠༡༤ལོ་ནས་སྤྱི་ལོ་༢༠༡༧ལོའི་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན། ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་་བཅོས་གཏིང་ཟབ་བྱེད་པའི་འགོ་འཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་གནས་བཞེས།
       སྤྱི་ལོ་༢༠༡༧ལོ་ནས་ད་ལྟའི་བར་ཀྲུང་བྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན། ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་གནས་བཞེས། སྐབས་བཅུ་དྲུག་པ་དང་། སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན་དང་། སྐབས་བཅུ་བདུན་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་བཅས་ཀྱི་འགན་གནས་བཞེས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1