བློ་མཐུན་ལི་ཁེ་ཆང་གི་ལོ་རྒྱུས་མདོར་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་རླུང་འཕྲིན་དྲ་བ། སྤེལ་དུས། 10-26


       ལི་ཁེ་ཆང་། སྐྱེས་པ། རྒྱ་རིགས། སྤྱི་ལོ་༡༩༥༥ལོའི་ཟླ་བ་༧པར་ཨན་ཧུའེ་ཏིང་ཡོན་དུ་འཁྲུངས། སྤྱི་ལོ་༡༩༧༤ལོའི་ཟླ་བ་༣པར་ཕྱག་ལས་ནང་ཞུགས། སྤྱི་ལོ་༡༩༧༦ལོའི་ཟླ་བ་༥པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། པེ་ཅིང་སློབ་ཆེན་ཁྲིམས་ལུགས་ཚན་ཁག་དང་དཔལ་འབྱོར་སློབ་གླིང་དཔལ་འབྱོར་རིག་པའི་ཆེད་ལས་ནས་སློབ་ཐོན་བྱུང་ཞིང་། ལས་ཐོག་ཞིབ་འཇུག་སློབ་མའི་ཡོན་ཚད་ཐོབ་པ་དང་། ཁྲིམས་རིག་པའི་བསླབ་རམས་པ་དང་། དཔལ་འབྱོར་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ་ཡོད།
       ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས་བཞིན་ཡོད།
       སྤྱི་ལོ་༡༩༧༤ལོ་ནས་སྤྱི་ལོ་༡༩༧༦ལོའི་བར། ཨན་ཧུའེ་ཞིང་ཆེན་ཧྥང་ཡང་རྫོང་ཏྰ་མེའོ་ཀུང་ཧྲེ་ཏུང་ལིན་རུ་ཆེན་དུ་གཞོན་ནུ་ཤེས་ཡོན་ཅན་གནང་།
       སྤྱི་ལོ་༡༩༧༦ལོ་ནས་སྤྱི་ལོ་༡༩༧༨ལོའི་བར། ཨན་ཧུའེ་ཞིང་ཆེན་ཧྥང་ཡང་རྫོང་ཏྰ་མེའོ་ཀུང་ཧྲེ་ཏྰ་མེའོ་རུ་ཆེན་གྱི་ཏང་ཀྲེ་པུའི་ཧྲུའུ་ཅི་གནང་།
       སྤྱི་ལོ་༡༩༧༨ལོ་ནས་སྤྱི་ལོ་༡༩༨༢ལོའི་བར། པེ་ཅིང་སློབ་ཆེན་ཁྲིམས་ལུགས་ཚན་ཁག་དུ་སློབ་སྦྱོང་གནང་ཞིང་། སློབ་གྲྭའི་སློབ་མའི་ཚོགས་པའི་འགན་འཁུར་བ་གནང་།
       སྤྱི་ལོ་༡༩༨༢ལོ་ནས་སྤྱི་ལོ་༡༩༨༣ལོའི་བར། པེ་ཅིང་སློབ་ཆེན་དགུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་རྒྱུན་ལས་ཨུ་ཡོན་གནང་།
       སྤྱི་ལོ་༡༩༨༣ལོ་ནས་སྤྱི་ལོ་༡༩༨༣ལོའི་བར། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་སློབ་གྲྭ་པུའི་པུའུ་ཀྲང་དང་རྒྱལ་ཡོངས་སློབ་གྲྭ་བའི་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་གཅིག་ལྕོགས་གནང་།
       སྤྱི་ལོ་༡༩༨༣ལོ་ནས་སྤྱི་ལོ་༡༩༨༥ལོའི་བར། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་རྗེས་སྣོན་ཧྲུའུ་ཅི་གནང་།
       སྤྱི་ལོ་༡༩༨༥ལོ་ནས་སྤྱི་ལོ་༡༩༩༣ལོའི་བར། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་གནང་བ་དང་། དེའི་རིང་། སྤྱི་ལོ་༡༩༩༡ལོའི་ཟླ་བ་༩པ་ནས་སྤྱི་ལོ་༡༩༩༡ལོའི་ཟླ་བ་༡༡པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་།
       སྤྱི་ལོ་༡༩༩༣ལོ་ནས་སྤྱི་ལོ་༡༩༩༨ལོའི་བར། དགུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་དང་ཀྲུང་གོའི་གཞོན་ནུ་ཆབ་སྲིད་སློབ་གླིང་གི་འགོ་འཛིན་གཅིག་ལྕོགས་གནང་། དེའི་རིང་སྤྱི་ལོ་༡༩༩༨ལོ་ནས་སྤྱི་ལོ་༡༩༩༤ལོའི་བར་པེ་ཅིང་སློབ་ཆེན་དཔལ་འབྱོར་སློབ་གླིང་གི་དཔལ་འབྱོར་རིག་པའི་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་སྦྱོང་གནང་བ་དང་། དཔལ་འབྱོར་རིག་པའི་རབ་བྱམས་པ་དང་། འབུམ་རམས་པའི་སློབ་གནས་ཐོབ།
       སྤྱི་ལོ་༡༩༩༨ལོ་ནས་སྤྱི་ལོ་༡༩༩༩ལོའི་བར། ཧོ་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་འགོ་འཛིན་གྱི་ལས་ཚབ་གནང་།
       སྤྱི་ལོ་༡༩༩༩ལོ་ནས་སྤྱི་ལོ་༢༠༠༢ལོའི་བར། ཧོ་ནན་ཞིང་ཆེན་ཨུ་ཡོན་ལྷ་ཁང་གི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་འགོ་འཛིན་གནང་།
       སྤྱི་ལོ་༢༠༠༢ལོ་ནས་སྤྱི་ལོ་༢༠༠༣ལོའི་བར། ཧོ་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ཞིང་ཆེན་འགོ་འཛིན་གནང་།
       སྤྱི་ལོ་༢༠༠༣ལོ་ནས་སྤྱི་ལོ་༢༠༠༤ལོའི་བར། ཧོ་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གནང་།
       སྤྱི་ལོ་༢༠༠༤ལོ་ནས་སྤྱི་ལོ་༢༠༠༥ལོའི་བར། ལེའོ་ཉིང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གནང་།
       སྤྱི་ལོ་༢༠༠༥ལོ་ནས་སྤྱི་ལོ་༢༠༠༧ལོའི་བར། ལེའོ་ཉིང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གནང་།
       སྤྱི་ལོ་༢༠༠༧ལོ་ནས་སྤྱི་ལོ་༢༠༠༨ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་གནང་།
       སྤྱི་ལོ་༢༠༠༨ལོ་ནས་སྤྱི་ལོ་༢༠༡༣ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་གནང་།
       སྤྱི་ལོ་༢༠༡༣ལོ་བཟུང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གནང་།
       སྐབས་བཅོ་ལྔ་དང་སྐབས་བཅུ་དྲུག་པ། སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན་གནང་བ་དང་། སྐབས་བཅུ་བདུན་པ་དང་། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་གནང་། སྐབས་བརྒྱད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གནང་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1