གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་རླུང་འཕྲིན་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༠ཚེས་༢༦ཉིན།

བློ་མཐུན་ཞི་ཅིན་ཕིང་གི་ལོ་རྒྱུས་མདོར་བསྡུས།

       ཞི་ཅིན་ཕིང་། སྐྱེས་པ། རྒྱ་རིགས། སྤྱི་ལོ་༡༩༥༣ལོའི་ཟླ་༦པར་ཧྲའན་ཞི་ཧྥུ་ཕེང་དུ་འཁྲུངས། སྤྱི་ལོ་༡༩༦༩ལོའི་ཟླ་༡པོར་ཕྱག་ལས་ནང་ཞུགས། སྤྱི་ལོ་༡༩༧༤ལོའི་༡པོར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། ཆིང་ཧྭ་སློབ་གྲྭ་ཆེན་མོའི་མི་ཆོས་རིག་གནས་སྤྱི་ཚོགས་སློབ་གླིང་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་བསམ་བློ་ཆབ་སྲིད་སློབ་གསོའི་ཆེད་ལས་ནས་ཐོན་པ། ལས་ཐོག་ཞིབ་འཇུག་སློབ་མའི་ཡོན་ཚད། ཁྲིམས་ལུགས་རིག་པའི་འབུམ་རམས་པའི་སློབ་གནས།
       ད་ལྟ་ཀྲུང་གོའི་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་བཞིན་པ།
       སྤྱི་ལོ་༡༩༦༩ལོ་ནས་སྤྱི་ལོ་༡༩༧༥ལོའི་བར། ཧྲའན་ཞི་ཞིང་ཆེན་ཡན་ཁྲོན་རྫོང་ཝུན་ཨན་དབྱི་ཀུང་ཧྲེའི་ལེའང་ཅ་ཧོ་རུ་ཆེན་གྱི་གཞོན་ནུ་ཤེས་ཡོན་ཅན་དང་། ཏང་ཀྲི་པུའི་ཧྲུའུ་ཅི།
       སྤྱི་ལོ་༡༩༧༥ལོ་ནས་སྤྱི་ལོ་༡༩༧༩ལོའི་བར། ཆིང་ཧྭ་སློབ་གྲྭ་ཆེན་མོའི་རྫས་འགྱུར་བཟོ་ལས་ཚན་ཁག་གི་གཞི་རྩའི་སྐྱེ་ལྡན་མཉམ་སྦྱོར་ཆེད་ལས་དུ་སློབ་སྦྱོང་གནང་།
       སྤྱི་ལོ་༡༩༧༩ལོ་ནས་སྤྱི་ལོ་༡༩༨༢ལོའི་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་དུ་དྲུང་ཡིག་གི་ཕྱག་ལས་གནང་།
       སྤྱི་ལོ་༡༩༨༢ལོ་ནས་སྤྱི་ལོ་༡༩༨༣ལོའི་བར། ཧོ་པེ་ཞིང་ཆེན་ཀྲེང་ཏེང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་།
       སྤྱི་ལོ་༡༩༨༣ལོ་ནས་སྤྱི་ལོ་༡༩༨༥ལོའི་བར། ཧོ་པེ་ཞིང་ཆེན་ཀྲེང་ཏེང་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་། ཀྲེང་ཏེང་རྫོང་དྲག་ཆས་པུའི་ཆབ་སྲིད་ཨུ་ཡོན་དང་པོ། ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་གནང་།
       སྤྱི་ལོ་༡༩༨༥ལོ་ནས་སྤྱི་ལོ་༡༩༨༨ལོའི་བར། ཧྥུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་། གྲོང་སྤྱི་གཞོན་པ་གནང་།
       སྤྱི་ལོ་༡༩༨༨ལོ་ནས་སྤྱི་ལོ་༡༩༩༠ལོའི་བར། ཧྥུ་ཅན་ཞིང་ཆེན་ཉིང་ཏེ་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་། ཉིང་ཏེ་ཡན་ལག་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་གནང་།
       སྤྱི་ལོ་༡༩༩༠ལོ་ནས་སྤྱི་ལོ་༡༩༩༣ལོའི་བར། ཧྥུ་ཅན་ཞིང་ཆེན་ཧྥུ་ཀྲའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཧྥུ་ཀྲའུ་ཡན་ལག་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་བཅས་གནང་།
       སྤྱི་ལོ་༡༩༩༣ལོ་ནས་སྤྱི་ལོ་༡༩༩༥ལོའི་བར། ཧྥུ་ཅན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་། ཧྥུ་ཀྲའུ་གྲོང་ཨུད་ཀྱི་ཧྲུའུ་ཅི། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཧྥུ་ཀྲའུ་ཡན་ལག་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་བཅས་གནང་།
       སྤྱི་ལོ་༡༩༩༥ལོ་ནས་སྤྱི་ལོ་༡༩༩༦ལོའི་བར། ཧྥུ་ཅན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། ཧྥུ་ཀྲའུ་གྲོང་ཨུད་ཀྱི་ཧྲུའུ་ཅི། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཧྥུ་ཀྲའུ་ཡན་ལག་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་བཅས་གནང་།
       སྤྱི་ལོ་༡༩༩༦ལོ་ནས་སྤྱི་ལོ་༡༩༩༩ལོའི་བར། ཧྥུ་ཅན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། ཧྥུ་ཅན་ཞིང་ཆེན་མཁའ་འཕེན་མེ་སྒྱོགས་གྲ་སྒྲིག་དམག་ཞབས་ཧྲི་ཤོག་གི་ཆབ་སྲིད་ཨུ་ཡོན་དང་པོ་བཅས་གནང་།
       སྤྱི་ལོ་༡༩༩༩ལོ་ནས་སྤྱི་ལོ་༢༠༠༠ལོའི་བར། ཧྥུ་ཅན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་འགོ་འཛིན་གྱི་ལས་ཚབ། ནན་ཅིན་དམག་ཁུལ་ཁང་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཧྥུ་ཅན་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཧྥུ་ཅན་ཞིང་ཆེན་མཁའ་འཕེན་མེ་སྒྱོགས་གྲ་སྒྲིག་དམག་ཞབས་ཧྲི་ཤོག་གི་ཆབ་སྲིད་ཨུ་ཡོན་དང་པོ་བཅས་གནང་།
       སྤྱི་ལོ་༢༠༠༠ལོ་ནས་སྤྱི་ལོ་༢༠༠༢ལོའི་བར། ཧྥུ་ཅན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་འགོ་འཛིན། ནན་ཅིན་དམག་ཁུལ་ཁང་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཧྥུ་ཅན་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཧྥུ་ཅན་ཞིང་ཆེན་མཁའ་འཕེན་མེ་སྒྱོགས་གྲ་སྒྲིག་དམག་ཞབས་ཧྲི་ཤོག་གི་ཆབ་སྲིད་ཨུ་ཡོན་དང་པོ་བཅས་གནང་། (སྤྱི་ལོ་༡༩༩༨ལོ་ནས་སྤྱི་ལོ་༢༠༠༢ལོ་བར་ཆིང་ཧྭ་སློབ་གྲྭ་ཆེན་མོའི་མི་ཆོས་རིག་གནས་སྤྱི་ཚོགས་སློབ་གླིང་གི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་བསམ་བློ་ཆབ་སྲིད་སློབ་གསོའི་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་འཛིན་གྲྭར་སློབ་སྦྱོང་གནང་བ་དང་། ཁྲིམས་ལུགས་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ།)
       སྤྱི་ལོ་༢༠༠༢ལོ་ནས་སྤྱི་ལོ་༢༠༠༢ལོའི་བར། ཀྲེ་ཅང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་འགོ་འཛིན་གྱི་ལས་ཚབ། ནན་ཅིན་དམག་ཁུལ་ཁང་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲེ་ཅང་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་གནང་།
       སྤྱི་ལོ་༢༠༠༢ལོ་ནས་སྤྱི་ལོ་༢༠༠༣ལོའི་བར། ཀྲེ་ཅན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་། ཞིང་ཆེན་འགོ་འཛིན་གྱི་ལས་ཚབ། ཀྲེ་ཅང་ཞིང་ཆེན་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ། ནན་ཅིན་དམག་ཁུལ་ཁང་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲེ་ཅང་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་གནང་བ།
       སྤྱི་ལོ་༢༠༠༣ལོ་ནས་སྤྱི་ལོ་༢༠༠༧ལོའི་བར། ཀྲེ་ཅང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཀྲེ་ཅང་ཞིང་ཆེན་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་བཅས་གནང་།
       སྤྱི་ལོ་༢༠༠༧ལོ་ནས་སྤྱི་ལོ་༢༠༠༧ལོའི་བར། ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་། ཧྲང་ཧའེ་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་གནང་།
       སྤྱི་ལོ་༢༠༠༧ལོ་ནས་སྤྱི་ལོ་༢༠༠༨ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅི། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་སྤྱི་བཅས་གནང་།
       སྤྱི་ལོ་༢༠༠༨ལོ་ནས་སྤྱི་ལོ་༢༠༡༠ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་སྤྱི་བཅས་གནང་།
       སྤྱི་ལོ་༢༠༡༠ལོ་ནས་སྤྱི་ལོ་༢༠༡༢ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་སྤྱི་བཅས་གནང་།
       སྤྱི་ལོ་༢༠༡༢ལོ་ནས་སྤྱི་ལོ་༢༠༡༣ལོའི་བར། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བཅས་གནང་།
       སྤྱི་ལོ་༢༠༡༣ལོ་ནས་བཟུང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་གནང་།
       ཀྲུང་གུང་སྐབས་བཅོ་ལྔ་པའི་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅུ་དྲུག་དང་། སྐབས་བཅུ་བདུན། སྐབས་བཅོ་བརྒྱད། སྐབས་བཅུ་དགུ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན། སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་བཅས་གནང་བ། སྐབས་བཅོ་བརྒྱད་པ་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་བཅས་གནང་བ། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་བ། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་གསབ་སྣོན་གནང་བ། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བདུན་པའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བསྐོ་བཞག་གནང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བསྐོ་བཞག་གནང་། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཚོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་ཡོད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1