རྔ་བ་རྫོང་གིས་དབུལ་སྐྱོར་ཉིན་མོ་བརྗོད་བྱ་བྱས་པའི་དྲིལ་སྒྲོག་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 10-26


        སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ཧུར་ཐག་ངང་དབུལ་སྐྱོར་ལས་རིགས་ནང་དུ་ཞུགས་པར་སྐུལ་སློང་བྱེད་ཆེད། ཉེ་སྔོན། རྔ་བ་རྫོང་གིས་རྩ་འཛུགས་བྱས་ཏེ་དབུལ་སྐྱོར་ལ་སྐུལ་འདེད་བྱེད་པ་དང་སྤྱི་ཚོགས་ནས་རོགས་སྐྱོར་བྱས་ཏེ་བྱམས་སེམས་འབུལ་བ། དབུལ་སྐྱོར་ཉིན་མོ་བརྗོད་བྱ་བྱས་པའི་དྲིལ་སྒྲོག་བྱེད་སྒོ་སྤེལ། 
        བྱེད་སྒོ་སྤེལ་བའི་ཡུལ་དངོས་སུ་ཆབ་སྲིད་དྲིལ་སྒྲོག་གི་བློ་འདྲི་ས་དང་འོས་འགན་ཞབས་ཞུ་ལྟེ་གནས་སོགས་བཀོད་སྒྲིག་བྱས་ཡོད་ལ།དབུལ་སྐྱོར་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་། བློ་འདྲི་བ། དྲིལ་སྒྲོག་ལག་དེབ་འགྲེམ་པ། རིན་མི་དགོས་པའི་སྨན་རྫས་སྦྱིན་པ། འོས་འགན་ཞབས་ཞུ་བསྒྲུབ་པ་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་ནས་དབུལ་སྐྱོར་ཉིན་མོའི་དྲིལ་སྒྲོག་བྱེད་སྒོ་སྤེལ།
        བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི། གཏིང་ཟབ་ངང་ཏང་དང་སྲིད་གཞུང་གི་དབུལ་སྐྱོར་གསར་སྤེལ་དང་གནད་འཁེལ་དབུལ་སྐྱོར་གྱི་རིགས་སོ་སོའི་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་དབུལ་སྐྱོར་སྲོལ་རྒྱུན་དར་སྤེལ་བྱེད་པ། སྤྱི་ཚོགས་ཡོངས་དབུལ་སྐྱོར་བྱ་བའི་ནང་དུ་ཞུགས་པར་སྐུལ་སློང་བྱེད་པ་བཅས་ཡིན། 
        བྱེད་སྒོའི་སྐབས་སུ་ཁྱོན་དྲིལ་སྒྲོག་རྒྱུ་ཆ་55ལྷག་བཀྲམ་པ་དང་རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་རྣམས་ཀྱི་རོགས་སྐྱོར་སྒོར་མོ་ཁྲི་དགུ་ལྷག་ཕུལ། རོགས་སྐྱོར་སྒོར་མོ་དག་དབུལ་སྐྱོར་གསར་སྤེལ་གྱི་སྤྱི་ཕན་ལས་རིགས་ནང་དུ་བཞག་ནས་དབུལ་ཕོངས་མང་ཚོགས་རྣམས་ལ་རོགས་སྐྱོར་བྱ་རྒྱུ་རེད།། 





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1