གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༠ཚེས་༢༧ཉིན།

མཆོག་གྱུར་བདག་གི་རྒྱལ་ཁབ་ཞེས་པ་བརྗོད་བྱར་བྱས་པའི་ཐེན་ཅིན་གྱི་ཆེད་གཏོང་ས་འོག་མེ་འཁོར་བགྲོད་ལམ་དང་པོ་ཡོངས་སུ་གཏོང་འགོ་ཚུགས་པ།

        ཟླ་10ཚེས་25ཉིན། སྤོབས་ཉམས་འཆར་ཡོང་བ་དེ"ང་རང་ནི་ཀྲུང་གོ་བ་ཞིག་ཡིན"པའི་ཚོར་སྣང་ཡོང་བ་འདི་རེད། ངག་ནས་ཐོན་ཡོང་བ་ཞིག་ནི"བདག་ཉིད་ཀྲུང་གོར་དགའ"ཞེས་པ་འདི་རེད། ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུ་ཕྱིར། ཐེན་ཅིན་ལྕགས་ལམ་འགྲིམ་འགྲུལ་ཚོགས་པས་གཉེར་བའི"མཆོག་གྱུར་བདག་གི་རྒྱལ་ཁབ"ཞེས་པ་བརྗོད་བྱར་བྱས་པའི་ཐེན་ཅིན་གྱི་ཆེད་གཏོང་ས་འོག་མེ་འཁོར་བགྲོད་ལམ་དང་པོ་ ཟླ་10ཚེས་25ཉིན་ཡོངས་སུ་གཏོང་འགོ་ཚུགས་པ་རེད། ཆེད་གཏོང་མེ་འཁོར་གྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་དྲ་གྲོགས་རྣམ་པའི་རྟེན་འབྲེལ་མཚོན་གཏམ་བཏེགས་ནས། ཏང་དང་མེས་རྒྱལ་གྱི་བསམ་འདུན་དག་ལམ་འགྲུལ་པ་ཡོངས་ལ་འཕྲོད་པར་བྱེད་བཞིན་ཡོད་པ་རེད། 

        འདི་ག་དྲ་སྦྲེལ་གྱི་བརྗོད་བྱ་གཙོ་བོའི་མེ་འཁོར་གྱི་འཁོར་སྒྲོམ་ནང་གི་རྒྱབ་མདུན་གཉིས་ཀའི་བརྗོད་བྱ་གཙོ་བོའི་ཁུལ་དུ་གློ་བུར“མཆོག་གྱུར་བདག་གི་རྒྱལ་ཁབ”ཞེས་པ་བརྗོད་བྱ་མངོན་པར་བྱས་ཤིང་། འཁོར་སྒྲོམ་ནང་དུ་ཚོས་གཞི་དམར་སེར་ལས་གྲུབ་ཅིང་། གནམ་སྡེ་སྒོ་མོ་ཆེ་དང་། མི་དམངས་ཚོགས་ཁང་ཆེན་མོ། ལྕགས་རི་རིང་པོ། ཅ་ཞིན་ལྷོ་ཕྱོགས་མཚེའུ་ཡི་ཡུལ་སྐོར་གྲུ་གཟིངས། ཐེན་ཅིན་གྱི་ཡུལ་ལུང་མཚོན་བྱེད་བཟོ་སྐྲུན་ཁང་པ་གཙོའི་རྒྱབ་ལྗོངས་ཀྱི་གྲུབ་གཞི། མེ་འཁོར་གྱི་སྒོ་རུ་གནམ་སྡེ་སྒོ་མོ་ཆེ་དང་། ཧྭ་པེའོ་ཆུ་ཚོད། ལྕགས་རི་རིང་པོ་བཅས་རྒྱབ་ལྗོངས་གཙོ་བོར་བྱས་ཤིང་། སྐར་ལྔའི་དར་དམར་བཀོད་པའི་དབུགས་ལྒང་གི་རི་མོ་གསལ་བས། མེས་རྒྱལ་ཡར་རྒྱས་འགྲོ་བ་མཚོན། མེ་འཁོར་གྱི་སྒེའུ་ཁུང་ཐོག་སྐར་ལྔའི་དར་དམར་དང་། མི་དམངས་ཚོགས་ཁང་ཆེན་མོ། ལྕགས་རི་རིང་པོ་བཅས་ཀྱི་རྒྱབ་ལྗོངས་ཀྱིས་རྒྱལ་ཡོངས་མི་དམངས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་འགྲིལ་བ་མཚོན། འབྲེལ་མཐུད་བགྲོད་ལམ་གྱི་མཁའ་ཡི་མཆོད་རྟེན་དང་། ཅིན་ཝན་ཐང་ཆེན་གྱི་མཚོ་ཁ་སོགས་པའི་ཐེན་ཅིན་གྱི་ཡུལ་ལུང་མཚོན་བྱེད་བཟོ་སྐྲུན་བཅས་ཀྱིས་ཐེན་ཅིན་མི་དམངས་རྣམས་ལ་ཏང་གི་དབུ་ཁྲིད་འོག་གྲུབ་འབྲས་ཐོབ་པ་མཚོན། མེ་འཁོར་གྱི་ཐོག་པང་དུ་ཨ་སྔོན་གནམ་དང་། སྤྲིན་དཀར། ཞི་བདེའི་ཕུག་རོན། དབུགས་ལྒང་བཅས་པའི་བརྗོད་བྱ་གཙོ་བོས། ཡིད་སྨོན་གྱི་མ་འོངས་པ་དང་། ཞི་བའི་རེ་སྨོན་མཚོན། མེ་འཁོར་ཆ་ཚང་གིས་ཡིད་འོངས་ལྟ་ན་སྡུག་པའི་ཀྲུང་གོ་རྣམ་བཀྲའི་རི་མོ་ལྟ་བུར་མངོན་པ་དང་། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་དབྱངས་རྟ་གཙོ་བོ་བསྒྲགས་པ་མཚོན་པ་ཡིན།།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1