ཕུའུ་ཅིན་གྱིས་མཱ་ལེ་ཞི་ཡཱའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བར་རྟོག་ཞིབ་བྱེད་པའི་ཐད་ནས་རྒྱལ་ཁབ་བཞིའི་འགོ་ཁྲིད་ལ་ཁ་པར་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-22


       ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་གིས་ཟླ་འདིའི་ཚེས་20ཉིན་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་དང་།   ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཨ་པའོ་ཐི་ལ། ཧི་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི་ལ།  འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་བཅས་རྒྱལ་ཁབ་བཞིའི་འགོ་ཁྲིད་ལ་ཁ་པར་བཏང་སྟེ། ཨུ་རུ་སིའི་ཕྱོགས་ཀྱིས་མཱ་ལེ་ཞི་ཡཱའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་པར་དགོས་ངེས་ཀྱི་རོགས་རམ་བྱ་འདོད་ཡོད་པ་དང་།       རྟོག་ཞིབ་བྱ་བ་མཇུག་མ་རྫོགས་གོང་ཆབ་སྲིད་ཀྱི་དམིགས་ཡུལ་ལྡན་པའི་གསལ་སྒྲོག་སྤེལ་བར་སྔོན་འགོག་བྱེད་དགོས་པ་ནན་བཤད་བྱས།

       མཱ་ལེ་ཞི་ཡཱའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་གནས་བབ་ལ་གཞིགས་ན། གལ་ཆེ་བ་ནི་ཡུག་རེན་གྱི་རྒྱལ་ནང་གི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ཆེད་མཁས་པས་དངོས་ཡོད་དང་མཐུན་པའི་སྒོ་ནས་རྒྱལ་སྤྱིའི་རྟོག་ཞིབ་སྤེལ་བར་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་རྒྱུ་དེ་ཡིན་ལ། ཐོག་མར་བདེ་འཇགས་བྱ་བར་འགན་སྲུང་བྱ་དགོས་ཟེར།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1