༄༅།། གཞན་གྱིས་རང་ཉིད་ཁྲིམས་ལ་སྦྱར་ན་རྩོད་ལན་ཞུ་ཚིག་ཇི་ལྟར་འབྲི་དགོས།

ཚེ་བརྟན་སྒྲོལ་མས་སྒྲིག་སྒྱུར་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-27


གྱོད་དཔེ།
        མི་རྐྱང་གསང་བདག་ནི་ཤེས་བྱ་དང་ནུས་པ་ཅི་ཡང་མེད་པར་ཉིན་བཞིན་རྩེད་འཇོས་དུས་འདའ་པའི་རྐྱལ་སྟོང་ཞིག་ཡིན། ཉིན་ཞིག་ལ་གསང་བདག་སྲང་ལམ་དུ་འཆམ་འཆམ་བྱེད་སྐབས་ཁྱིམ་མཚེས་དགྲ་འདུལ་གྱིས་སྤྱང་ཁྱི་ཞིག་འཁྲིད་འོང་བ་དང་འཕྲད་པས་ཁྲི་དེ་སུ་ཚང་གི་ཡིན་པ་དྲིས། དགྲ་འདུལ་གྱིས་ཁྱི་དེ་ཁོའི་ཚ་བུ་ཚང་གི་ཡིན་པ་དང་བཙན་པོ་ཞིག་ཡིན་པས་ཁྱིའི་ཉེ་འགྲམ་དུ་ཡོང་མི་རུང་བའི་ཁ་ཏ་བྱས། གསང་བདག་གིས་སྐད་ཆ་དེ་གོ་རྗེས་བསམ་བཞིན་དུ་ཁྱིའི་ཉེ་འགྲམ་དུ་ཕྱིན་ནས་རྐུན་ཁྱི་གདོན་ཁྱི་ཟེར་ནས་སྐད་ཅོག་རྒྱག་ཞོར་དུ་ཁྱིར་དབྱུག་པས་བསྣུན་པ་ཁྱི་ངར་མཆོང་ཅིག་གིས་དགྲ་འདུལ་གྱི་ལག་ནས་ཤོར་ཏེ་གསང་བདག་ལ་རྨུགས། གསང་བདག་མྱུར་དུ་འཕྲོད་བསྟེན་ཁང་དུ་སོང་ནས་སྨན་བཅོས་བྱས་ནས་རིམས་འགོག་སྨན་ཁབ་རྒྱབ་རྗེས་དགྲ་འདུལ་ལ་སྐྱིན་ཚབ་འཇལ་རྒྱུའི་རེ་བ་བཏོན་པས་དགྲ་འདུལ་གྱིས་ཁོ་ལ་སྨན་རིན་བྱིན་མོད། ཡིན་ནའང་གསང་བདག་གིས་སྨན་རིན་ལས་གཞན་ད་དུང་འཚོ་བཅུད་གྲོན་དངུལ་དང་། ལས་ཐེབས་ཆག་པའི་ཐོབ་ཆ། བསམ་པའི་གནོད་སྐྱོན་གྱི་སྐྱིན་ཚབ་བཅས་ཁྱོན་བསྡོམས་སྒོར་ཁྲི་གཅིག་གི་སྐྱིན་ཚབ་སྟེར་དགོས་ཁུངས་མེད་ཀྱི་རེ་འདུན་བཏོན་པས་དགྲ་འདུལ་གྱིས་དང་ལེན་མ་བྱས། བསམ་ཡུལ་ལས་འདས་པ་ཞིག་ནི་ཉིན་འགའི་རྠེས་སུ་གསང་བདག་གིས་མི་དམངས་ཁྲིམས་ཁང་དུ་དགྲ་འདུལ་གྱིས་ཁོ་བོར་སྨན་རིན་དང་། འཚོ་བཅུད་གྲོན་དངུལ། ལས་ཐེབས་ཆགས་པའི་ཐོབ་ཆ། བསམ་པའི་གནོད་སྐྱོན་གྱི་སྐྱིན་ཚབ་བཅས་ཁྱོན་བསྡོམས་སྒོར་ཁྲི་གཅིག་གི་སྐྱིན་ཚབ་འཇལ་དགོས་པའི་ཞུ་གཏུག་བྱས། དགྲ་འདུལ་གྱིས་གཏུག་ཡིག་ལེན་སྐབས་ཁྲིམས་དཔོན་གྱིས་ཁོ་ལ་ཉིན་བཅོ་ལྔའི་ནང་ཚུན་དུ་རྩོད་ལན་ཞུ་ཚིག་སྤྲོད་དགོས་པའི་བླང་བྱ་བཏོན། དགྲ་འདུལ་གྱིས་གསང་བདག་གི་རེ་འདུན་ཞུ་དོན་ལུགས་དང་མི་མཐུན་པར་སྙམ་མོད་ཀྱང་དགག་ལན་ཇི་ལྟར་འབྲི་རྒྱུར་མགོ་རྨོངས་པར་གྱུར། འོ་ན། རྩོད་ལན་ཞུ་ཚིག་ཇི་ལྟར་འབྲི་དགོས།
ཁྲིམས་རོགས་པའི་དཔྱད་བརྗོད།
        དམངས་རྩོད་གཏུག་བཤེར་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན་ཞུ་སྦྱོར་སྔ་མ་བས་ཞུ་སྦྱོར་བྱས་དོན་ལ་ཞུ་སྦྱོར་ཕྱི་མ་བས་ཞུ་སྦྱོར་པའམ་ཡང་ན་མི་སྤྲོད་པའི་ཁེ་དབང་ཡོད། འོན་ཀྱང་ཞུ་སྦྱོར་ཕྱི་མ་བས་ཞུ་སྦྱོར་སྔ་མ་བའི་གཏུག་ཡིག་ནང་གི་དོན་དངོས་དང་རྒྱུ་མཚན་ཡོངས་སུ་ཁས་ལེན་ན་གཏུག་བཤེར་གྱི་མཇུག་འབྲས་ཐད་ནས་བཤད་ན་གཏུག་ཡིག་འབྱོརག་ཉིན་ནས་ཉིན་བཅོ་ལྔའི་ནང་ཚུན་དུ་མི་དམངས་ཁྲིམས་ཁང་ལ་རྩོད་ལན་ཞུ་ཡིག་འབུལ་དགོས། རྩོད་ལན་ཞུ་ཡིག་འབྲི་སྐབས་ཞུ་སྦྱོར་སྔ་མ་བའི་གཏུག་ཡིག་ནང་གི་དོན་དངོས་དང་རྒྱུ་མཚན་གཞིར་བཟུང་ནས་དམིགས་ས་ཡོད་པའི་སྒོ་ནས་དགག་ལན་དང་དགག་སྒྲུབ་བྱེད་དགོས། གལ་ཏེ་ཞུ་སྦྱོར་སྔ་མ་བས་བཏོན་པའི་གཏུག་ཡིག་ནང་གི་དོན་དངོས་གནས་ཚུལ་དངོས་དང་མི་མཐུན་ན་ཞུ་སྦྱོར་ཕྱི་མ་བས་རྩོད་ལན་ཞུ་ཡིག་ནང་དུ་ཡོ་བསྲང་དང་དགག་ལན་སློག་དགོས་ཤིང་། ཞུ་སྦྱོར་སྔ་མ་བས་བཏོན་པའི་གཏུག་ཡིག་ནང་གི་རྒྱུ་མཚན་ཁྲིམས་མཐུན་ལུགས་མཐུན་མིན་ན་ཞུ་སྦྱོར་ཕྱི་མ་བས་རྩོད་ལན་ཞུ་ཡིག་ནང་དུ་དགག་ལན་སློག་དགོས་པ་མ་ཟད་རང་ཉིད་ཀྱི་ལྟ་བ་རྒྱུ་མཚན་འདྲེན་དགོས་ཤིང་དགོས་མཁོ་བྱུང་ན་རང་གི་བདེན་དཔང་ཀྱང་འདོན་སྤྲོད་བྱ་དགོས། མདོན་ན་རྩོད་ལན་ཞུ་ཡིག་འབྲི་སྐབས་ཕྱོགས་གཉིས་ཀྱི་རྩོད་གཞིའི་གནད་འགག་གཙོ་བོར་བཟུང་ནས་ཞུ་སྦྱོར་སྔ་མ་བའི་ཞུ་གཏུག་གི་དོན་དངོས་དང་རྒྱུ་མཚན་ལ་དགག་ལན་སློག་པའི་དུས་མཚུངས་སུ་རང་ཉིད་ཀྱི་ལྟ་བ་དང་རྒྱུ་མཚན་ཞིབ་ཏུ་བཤད་དགོས། རྩོད་ལན་ཞུ་ཡིག་གི་ནང་དོན་རིང་པོ་ཞིག་འབྲི་མི་དགོས་ཤིང་རྩོད་གཞིའི་གནད་འགག་གཙིགས་སུ་བཟུང་ནས་ཁྲིམས་དཔོན་ལ་རང་གི་ལྟ་བ་དང་རྒྱུ་མཚན་ཞིབ་ཏུ་བཤད་དགོས། རྩོད་ལན་ཞུ་ཡིག་གི་ནང་དོན་རིང་པོ་ཞིག་འབྲི་མི་དགོས་ཤིང་རྩོད་གཞིའི་གནད་འགག་གཙིགས་སུ་བཟུང་ནས་ཁྲིམས་དཔོན་ལ་རང་གི་ལྟ་བ་དང་རྒྱུ་མཚན་གསལ་པོར་ཤེས་སུ་འཇུག་ཐུབ་པ་ཙམ་གྱིས་


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1