ཀན་སུའུ་དཔའ་རིས་བོད་ཡུལ་དུ་སྲོལ་རྒྱུན་གྱི་རྟ་རྒྱུག་འགྲན་སྡུར་སྤེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-23


ཀན་སུའུ་དཔའ་རིས་བོད་ཡུལ་དུ་སྲོལ་རྒྱུན་གྱི་རྟ་རྒྱུག་འགྲན་སྡུར་སྤེལ་བ།

ཀན་སུའུ་དཔའ་རིས་བོད་ཡུལ་དུ་སྲོལ་རྒྱུན་གྱི་རྟ་རྒྱུག་འགྲན་སྡུར་སྤེལ་བ།
      སྤྱི་ཟླ7པའི་ཚེས3ཉིན། ཀན་སུའུ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དུ་རྟ་རྒྱུག་འགྲན་ཚོགས་སྤེལ་ཞིང་། འགྲན་ཞུགས་པ་རྣམས་ཀྱིས་ཚ་ཚ་འུར་འུར་སྒོས་དགྲ་ལྷ་13དུ་ཚུད་པའི་འགྲན་སྡུར་སྤེལ་བ་རེད། 
      རྟ་རྒྱུག་འགྲན་སྡུར་གྱི་བྱུང་འཕེལ་ལ་དཔའ་རིས་ཡུལ་གྱི་དམངས་ཁྲོད་དུ་གཏམ་རྒྱུད་ཅིག་ཡོད་པ་སྟེ། སྔོན་མ་བོད་བཙན་པོའི་རྒྱལ་རབས་སྐབས་བཙན་པོ་སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བསུ་སྐབས་རྟ་རྒྱུག་འགྲན་སྡུར་སྤེལ་ནས། བཙན་པོ་ཁོང་ཡང་འགྲན་སྡུར་ཁྲོད་ཞུགས་ཏེ་ཨང་13པ་བླངས།
     དུས་དེ་ནས་བཟུང་རྟ་རྒྱུག་འགྲན་སྡུར་བྱེད་པའི་སྲོལ་ལུགས་ཀྱི་རྒྱུན་བསྐྱངས་པར་མ་ཟད། ཨང་རིམ་13བར་དུ་བཀར་ནས་དགྲ་ལྷ་13ཞེས་པའི་མཚན་སྙན་གསོལ་བ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1