རྨ་ཆེན་རྫོང་གིས་སྐབས་དང་པོའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-23


       སྐབས་བརྒྱད་པའི་རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ཐོན་ལ་ཉེ་བའི་སྐབས་སུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིས་ཉེ་ལམ་མཚོ་ངོས་ལས་མཐོ་ཚད་སྨིས་4000ཡོད་པའི་ཏིང་ལོ་ཞང་ནས་ཐོག་མའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་བསྡུས།

      དབང་པོ་སྐྱོན་ཅན་གྱི་ལུས་རྩལ་པ་108སོ་སོར་ཐག་འཐེན། སྐོར་བྲོ། རྒྱུག་མཐུད་བང་རྩལ་འགྲན་བསྡུར་བཅས་སྤྱིའི་ཚན་པ་3དང་། མུས་བརྒྱའི་འགྲན་རྒྱུག  ལོང་བ་གཏན་ཁེལ་ལྟར་འགྲོ་བ། བྱེ་ཁུག་འགྱོག་པ། འཕུར་མདའ་འཕེན་པ་སོགས་མི་སྒེར་གྱི་རྣམ་གྲངས་7ལ་ཞུགས།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1