ཞི་ཅིན་ཕིང་གིས་སྒྲོལ་དཀར་གཅེན་གཅུང་གཉིས་ལ་བསྐུར་བའི་འཕྲིན་ལན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 10-30


སྒྲོལ་དཀར་དང་རྒྱལ་དར་བར་གྱི་བརྩེ་བ།(2009ལོའི་ཟླ་9པར།)
    
        ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་28ཉིན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་པ་སྒྲོལ་དཀར་དང་གཡང་འཛོམས་མིང་སྲིང་གཉིས་ལ་འཕྲིན་ལན་བསྐུར་གནང་ནས། ཁོ་ཚོ་ཕ་དང་བུ་མོ་མི་རབས་གཉིས་ནས་རྒྱལ་ཁབ་ཀྱི་ཆེད་དུ་མཐའ་མཚམས་སྲུང་བའི་བྱ་སྤྱོད་ལ་ཁས་ལེན་གནང་ཡོད་པ་དང་། དུས་ཡུན་རིང་པོར་མཐའ་མཚམས་སྲུང་སྐྱོབ་དང་གཏན་འཇགས་ཐད་ལྷག་བསམ་ཟོལ་མེད་ཀྱི་ལེགས་སྐྱེས་འབུལ་མཁན་བློ་མཐུན་ལ་ཐུགས་རྗེ་ཆེ་ཞུས་པ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་མཐའ་མཚམས་ལ་གཞི་ཚུགས་པ་དང་། རྒྱལ་ཁོངས་ས་ཆ་སྲུང་སྐྱོབ་ཡག་པོ། ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱ་རྒྱུ་སོགས་ཀྱི་སྐུལ་མ་གནང་འདུག 
2003ལོའི་ཟླ་10པར་སྒྲོལ་དཀར་དང་བྱིས་པ་ཚོས་ཕྱི་རོལ་གྱི་གྲོགས་པོར་ཁ་པར་གཏོང་བཞིན་པ།
        ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ས་བབ་མཐོ་ཚད་ལ་སྤྱི་ཁྲེ་3600ཡོད་པ་དང་། ལོ་གཅིག་གི་ནང་ལོ་ཕྱེད་ལྷག་གངས་གིས་བཏུམས་པའི་མཐའ་མཚམས་ས་མཐོར་ཁྱེད་ཚོ་ཕ་དང་བུ་མོ་མི་རབས་གཉིས་ཀྱིས་ལོ་བཅུ་གྲངས་ཁ་ཤས་ཉིན་གཅིག་ལྟར་མེས་རྒྱལ་གྱི་མངའ་ཁོངས་ས་ཆ་བརྟན་སྲུང་གནང་བའི་སྙིང་སྟོབས་ལ་མི་རྣམས་ནས་གུས་བཀུར་བྱེད་འོས་པ་ཞིག་རེད། ངས་ཁྱེད་ཚོ་དང་དུས་ཡུན་རིང་པོའི་ངང་མཐའ་མཚམས་སྲུང་བ་དང་མཐའ་མཚམས་གཏན་འཇགས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་མཁན་གྱི་བློ་མཐུན་རྣམས་ལ་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བྲིས་གནང་།
        ཞི་ཅིན་ཕིང་གིས། རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་གཞིས་ཡོང་བ་དང་། རྒྱལ་ཁོངས་ས་ཆའི་བདེ་འཇགས་མེད་ན་ཁྱིམ་ཚང་ཁྲི་སྟོང་མང་པོར་བདེ་འཇགས་ཡོང་མི་ཐུབ། མེས་རྒྱལ་མཚམས་་མཚམས་སུ་རྩ་བ་བཙུགས་ནས་རྒྱལ་ཁོངས་ས་ཆའི་བླ་ན་མེད་པའི་སྲུང་སྐྱོབ་པ་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་པ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།
2003ལོའི་ཟླ་10པར་སྒྲོལ་དཀར་གྱི་གཅུང་མོ་གཡང་འཛོམས་ཀྱིས་ཁྱིམ་དུ་བརྙན་འཕྲིན་ལ་ལྟ་ཞོར་ཕྱུར་བ་བཟོ་བཞིན་པ།
        ཞི་ཅིན་ཕིང་གིས། ཚོགས་ཆེན་བཅུ་དགུ་པ་འཚོགས་ཚར་ཙམ་ཡིན་པ་དང་། ཏང་གིས་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུ་ཡིན། ཚང་མའི་འབད་བརྩོན་འོག ཡུལ་སྨད་ཤང་དེ་ཡང་བདེ་སྐྱིད་ལྡན་ལ་མཛེས་སྡུག་ལྡན་པའི་འབྱོར་འབྲིང་ཤང་ཞིག་ལ་འཛུགས་སྐྲུན་ཐུབ་ངེས་ཡིན་ལ། ང་ཚོའི་ཡུལ་མི་རྣམས་ཀྱི་འཚོ་བ་ཡང་ཉིན་རེ་བཞིན་ཇེ་ཡག་ཏུ་འགྲོ་ཐུབ་ངེས་རེད་ཅེས་གསུངས།

ཀྲུང་གོའི་མི་གྲངས་ཆེས་ཉུང་བའི་ཤང་སྟེ་ཡུལ་སྨད་ཤང་།(2017ལོའི་ཟླ་8པར།)

        བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དེ་རི་བོ་ཧི་མ་ལ་ཡའི་ལྷོ་ངོགས་སུ་གནས་པ་དང་། རི་མཐོ་ཞིང་གཡང་གཟར་བ། འགྲིམ་འགྲུལ་སྟབས་བདེ་པོ་མེད་པའི་ས་ཆ་ཞིག་ཡིན། ད་ལྟ་དུད་ཁྱིམ་དགུ་དང་ཡུལ་མི་༣༢ལས་མེད་ཅིང་། རང་རྒྱལ་གྱི་མི་འབོར་ཉུང་ཤོས་དང་ཆ་སྙོམས་མི་རེའི་རྒྱ་ཁྱོན་ཆེ་ཤོས་ཀྱི་ཤང་ཞིག་ཡིན། དུས་རབས་གོང་མའི་དུས་མཚམས་རིང་པོ་ཞིག་གི་ནང་། ཡུལ་སྨད་ཤང་དུ་སངས་རྒྱས་ཆོས་པའི་དུད་ཁྱིམ་གཅིག་ལས་མེད་པས། ཕྱི་ལོག་ནས་དེར་“མི་གསུམ་ཅན་ཤང་”ཞེས་འབོད་ཀྱི་ཡོད། ལོ་བཅུ་གྲངས་ཁ་ཤས་ནང་། སངས་རྒྱས་ཆོས་པ་དང་ཁོང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་ཀྱིས་ཡུལ་སྨད་ཤང་དུ་མཐའ་སྲུང་བྱས་ཏེ། རྒྱལ་གཅེས་མཐའ་སྲུང་གི་མི་སེམས་འགུལ་བའི་གཏམ་རྒྱུད་བྲིས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་སྐོང་འཚོགས་བྱེད་གྲབས་ཡོད་པའི་སྐབས་སུ། སྒྲོལ་དཀར་དང་། གཡང་འཛོམས་མིང་སྲིང་གཉིས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ། རྒྱལ་ཁབ་ཀྱི་ཆེད་དུ་མཐའ་མཚམས་སྲུང་བའི་མྱོང་ཚོར་དང་ཕ་ཡུལ་གྱི་འཕོ་འགྱུར་སྙན་གསེང་ཞུས་པ་དང་། ཕ་ཡུལ་གྱི་ཡུལ་མི་རྣམས་ཀྱིས་མུ་མཐུད་ཕྱུགས་འཚོ་མཐའ་སྲུང་བྱས་ནས་ཏང་གི་དྲིན་ལན་འཇལ་རྒྱུའི་ཆོད་སེམས་མཚོན་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1