གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༠ཚེས་༣༠ཉིན།

བོད་ལྗོངས་ནས་ད་ལྟའི་བར་ལོ་ངོ་700ལྷག་ཕྱིན་པའི་ལྡེབས་རིས་ཤིག་གསར་དུ་རྙེད་པ།

        ཟླ་10ཚེས་26ཉིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་རིག་གནས་ཅུས་(གྲོང་ཁྱེར་རིག་གནས་ཅུས་)ནས་ཤེས་རྟོགས་བྱུང་གསལ་དུ། ལས་ཁུངས་འདི་དང་ཧུའུ་ནན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་གིས་སྒྲིག་འཛུགས་བྱས་པའི་བརྟག་དཔྱད་ཚོ་ཆུང་གིས"མགོ་ལྷ་ཁང"གི་ཤུལ་རྗེས་རྙེད་པ་རེད། ཤུལ་རྗེས་ནང་གི་ལྡེབས་རིས་ཉར་ཚགས་ཆ་ཚང་ལ། ཞིབ་འཇུག་མི་སྣས་ཞིབ་དཔྱད་རགས་ཙམ་བྱས་པར་གཞིགས་ན། འདི་ནི་དུས་རབས་14པའི་སྔ་གཞུག་གི་ཡིན་པ་དང་། ད་ལྟའི་བར་དུ་ལོ་ངོ་700ལྷག་ཕྱིན་ཡོད་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1