དར་མདོས་ཏང་གི་ཚོགས་ཆེན་བཅུ་དགུ་པར་དགའ་སྟོན་རྟེན་འབྲེལ་ཞུས།

ཡེ་མགོན་དང་ཡེ་ཤེས་ཀྱིས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 10-31


        སྤྱི་ཟླ10པའི་ཚེས28ཉིན་གྱི་སྔ་དྲོར། ཀྲུང་གུང་དར་མདོ་གྲོང་ཁྱེར་ཏང་ཨུ་དང་དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། དར་མདོ་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་མཛུབ་ཁྲིད་བྱས་པ་དང་། དར་མདོ་གྲོང་ཁྱེར་རིག་གནས་ཡུལ་སྐོར་རྒྱང་བསྒྲགས་བརྙན་འཕྲིན་ཅུས། དར་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས། གུང་གཞོན་ཚོགས་པ་དར་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སྒྲུབ་འགན་འཁུར་བའི་ཐོག་མའི་བསམ་འདུན་མི་བརྗེད་པར་ཏང་གི་རྗེས་སུ་འབྲངས་ཞེས་པའི་བརྗོད་གཞི་གཙོ་བོ་བྱས་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཤང་དང་གྲོང་རྡལ་གྱི་རིག་རྩལ་འཁྲབ་སྟོན་འགྲན་བསྡུར་དར་མདོའི་མཛའ་གཞས་ཐང་ཆེན་དུ་སྤེལ་བ་རེད།

        གྲོང་ཁྱེར་ཡོངས་ཀྱི་ཤང(གྲོང་རྡལ)19ནས་འོངས་པའི་ཞིང་འབྲོག་དམངས་ཀྱི་འཁྲབ་སྟོན་པ་ཚོ་ཐེངས་འདིའི་རིག་རྩལ་འགྲན་བསྡུར་ནང་ཞུགས་ཡོད་པ་རེད། རིག་རྩལ་འཁྲབ་སྟོན་གྱི་འགྲན་བསྡུར་བྱས་པའི་དམིགས་ཡུལ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་ཁྲིད་སྟོན་བྱས་ནས་རིག་རྩལ་གྱི་རྣམ་པའི་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཚོས་དཀའ་སྤྱད་འབད་འཐབ་དང་། ཡིད་ཆེས་ཀྱིས་ཁེངས་པའི་བསམ་པའི་རྣམ་པ་མཚོན་ཞིང་། མི་དམངས་མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོ་དང་མི་དམངས་མང་ཚོགས་ཀྱི་རིག་གནས་བྱང་ཚད་མཐོ་རུ་བཏང་ནས་ཞིང་སྡེའི་རིག་གནས་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ་ཞིང་སྡེའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏང་ཆེད་ཡོངས་ཁྱབ་ཏུ་མང་ཚོགས་ཀྱིས་ལྟ་དགའ་ཉན་སྤྲོ་ཡོད་ལ་ས་གནས་ཀྱི་ཁྱད་ཆོས་ཡོད་པའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད།

        རིག་རྩལ་འཁྲབ་སྟོན་མཇུག་བསྒྲིལ་རྗེས་བྱ་དགའ་ཨང་དང་པོ་གཅིག་དང་ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ་དང་ཕུལ་བྱུང་བྱ་དགའ་བཅོ་ལྔ་བཅས་དཔྱད་འདེམས་བྱས་པ་རེད།།

      


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1