གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༧ཚེས་༢༣ཉིན།

བྱང་ཁོ་རེ་ཡས་ཨ་རིས་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་ནང་སྲིད་ལ་ཐེ་ཇུས་བྱེད་ཀྱི་ཡོད་ཅེས་རྒོལ་གཏམ་བཏང་བ།

        སྤྱི་ཟླ་7ཚེས་22ཉིན་བྱང་ཁོ་རེ་ཡའི་ངལ་རྩོལ་གསར་འགྱུར་ཞེས་པའི་ཐོག་རྩོམ་ཡིག་སྤེལ་ནས།   ཨ་རི་སོགས་རྒྱལ་ཁབ་ནས་བྱང་ཁོ་རེ་ཡའི་འགྲོ་བ་མིའི་གནད་དོན་སྐོར་སྐྱོན་བརྗོད་བྱེད་པ་ནི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་བྱ་སྤྱོད་ཅིག་རེད།  བྱང་ཁོ་རེ་ཡས་མུ་མཐུད་རྒྱལ་སྲུང་སྟོབས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། རང་རྒྱལ་ཁབ་མི་དམངས་ཀྱི་ཁེ་དབང་ལ་འགན་ལེན་ཏན་ཏིག་བྱ་རྒྱུ་ཡིན།
       རྩོམ་ཡིག་ནང་། བྱང་ཁོ་རེ་ཡའི་འགྲོ་བ་མིའི་ཐོབ་ཐང་དེ་རྒྱལ་ཁབ་ཀྱི་ཁེ་དབང་དང་མཚུངས་ཤིང་། བྱང་ཁོ་རེ་ཡ་སྲིད་གཞུང་ནས་མུ་མཐུད་རྒྱལ་སྲུང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་རང་བདག་ཁེ་དབང་སྲུང་སྐྱོབ།   མི་དམངས་ཀྱི་འཚོ་བ་འགན་ལེན་བྱ་རྒྱུ་ཡིན་ཞེས་འཁོད།
        དེའི་གོང་ལྷོ་ཁོ་རེ་ཡའི་མཉམ་འབྲེལ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་སྤྱི་ཟླ་4པའི་ཟླ་མཇུག་ཏུ་འགྲོ་བ་མིའི་ཐོབ་ཐང་གི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱས་ནས།དོན་གཅོད་ལས་ཁུངས་འཛུགས་རྒྱུའི་གཏན་འབེབས་བྱས་པ་དང་།ས་གནས་དེ་གར་བྱང་ཁོ་རེ་ཡའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དཔྱད་ཡིག་དང་ཟིན་ཐོ་འཚོལ་བསྡུ་བྱེད་པ་དང་།བྱང་ཁོ་རེ་ཡའི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ལ་རྒྱུན་མཐུད་ལྟ་ཞིབ་བྱ་རྒྱུ་རེད་ཅེས་བཤད་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1