རྒྱ་བོད་གསུང་རབ་རིག་གནས་བརྗེ་སྤེལ་གནས་གཞི་ཁྲེན་ཏུའུ་རུ་བཙུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 11-01


        ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་རིག་གནས་འཛུགས་སྐྱོང་སྐོར་ལ་ཤུགས་སྣོན་རྒྱག་དགོས་པའི་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་ཆེད་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏང་ཆེད། དཔེ་རྙིང་སྲུང་སྐྱོབ་ལས་དོན་ཤུགས་ཆེར་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་བསམ་འཆར་ཞེས་པའི་ནང་གི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བའི་ལས་གཞི་ལག་བསྟར་བྱ་རྒྱུའི་སྐོར་གྱི་འབྲེལ་ཡོད་བསམ་འཆར་གྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱ་ཆེད།  གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་ཚད་ལྡན་དཔེ་རྙིང་སྲུང་སྐྱོབ་དང་རྒྱུད་སྤེལ་བྱ་རྒྱུའི་ལས་དོན་སྐོར་ལ་ཤུགས་སྣོན་རྒྱག་པ་དང་། གྲངས་ཉུང་མི་རིགས་ཀྱི་ཚད་ལྡན་ཡིག་ཆ་དང་རྒྱ་རིགས་ཀྱི་ཕུལ་བྱུང་དཔེ་རྙིང་བརྗེ་སྤེལ་དང་གསར་སྐྲུན་གྱི་ལས་དོན་ཡག་པོ་སྒྲུབ་པ།   སྲིད་གཞུང་གི་སྣེ་ཁྲིད་དང་།  སྤྱི་ཚོགས་ཡོངས་ནས་ཐེ་ཞུགས་བྱེད་པ། ཐུན་མོང་ཐོག་རྒྱུན་འཛིན་དར་སྤེལ་གཏོང་བ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་མཉམ་དུ་དར་སྤེལ་གཏོང་བའི་ཁོར་ཡུག་ཡག་པོ་བསྐྲུན་ཆེད།

 སྤྱི་ཟླ་10པའི་ཚེས་29ཉིན།  སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་དང་སི་ཁྲོན་ཞིང་ཆེན་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ནས་རྒྱ་བོད་གསུང་རབ་རིག་གནས་བརྗེ་སྤེལ་གནས་གཞི་དང་རྒྱ་བོད་གསུང་རབ་ཡིག་ཚངས་སྒྲ་སྒྱུར་གླིང་གཉིས་ཁྲེན་ཏུའུ་གྲོང་ཁྱེར་དུ་དབུ་བརྙེས་པའི་མཛད་སྒོ་སྤེལ། 

        མཁས་དབང་ཐུབ་བསྟན་ཉི་མ་དང་།  རྩོམ་པ་པོ་གྲགས་ཅན། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན།  སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་ཀྲའོ་ཧུང་ཁྲོན། སི་ཁྲོན་ཞིང་ཆེན་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧོ་ཕིང་། སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་གི་ཏང་ཨུད་ཧྲུའུ་ཅི། དཔེ་མཛོད་ཁང་གི་འགོ་འཛིན་ཧོ་ཀོང་ལུན། སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་གི་འགོ་འཛིན་གཞོན་པ་ཐན་ཧྥ་ཞང་།  དེ་མ་ཟད་ད་དུང་བོད་རིག་པའི་ཞིབ་འཇུག་པ་དང་། བོད་ཀྱི་རིག་གནས་མཁས་དབང་མང་པོ་མཛད་སྒོར་ཞུགས་ཡོད་པ་རེད།
        དབུ་བརྙེས་པའི་མཛད་སྒོ་དེ་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་དེ་སྔའི་སྐོར་ཞིབ་པ་ཚེ་བྷོས་གཙོ་སྐྱོང་གནང་བ་དང་། མཛད་སྒོའི་ཐོག  སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་གི་འགོ་འཛིན་ཧོ་ཀོང་ལུན་དང་། བོད་ཀྱི་མཁས་དབང་ཐུབ་བསྟན་ཉི་མ་ནས་གསུང་བཤད་གནང་ཡོད་པ་རེད།

        མཛད་སྒོའི་ཐོག མཁས་དབང་ཐུབ་བསྟན་ཉི་མས་སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་ལ་འབྲས་སྤུངས་དགོན་པའི་གནའ་གཞུང་ཡིག་ཚང་དཀར་ཆག་སྟོད་ཆ་དང་སྨད་ཆ་སོགས་རིགས་96དང་། ཁྱོན་དཔེ་དེབ་755སྤྲད་གནང་ཡོད་པ་དང་།  འགོ་འཛིན་ཧོ་ཀོང་ལུན་ནས་སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་གི་ཚབ་བྱས་ཏེ་རྒྱ་བོད་གསུང་རབ་རིག་གནས་སྤེལ་རེས་གནས་གཞིར་ཡིག་རྙིང་བསྡུ་ཉར་དཔང་་ཡིག་སྤྲད་ཡོད་པ་རེད།

        ཀྲའོ་ཧུང་ཁྲོན་དང་། བསྟན་འཛིན་སོགས་མཁས་དབང་ཁག་གཅིག་གིས་དེའི་རྗེས་ཚོགས་པའི་རྒྱ་བོད་རིག་གནས་སྤེལ་རེས་ལས་དོན་ཞིབ་བསྡུར་གྲོས་ཚོགས་ཐོག་གསུང་བཤད་གནང་ཡོད་པ་དང་།  བོད་ཀྱི་ཚད་ལྡན་ཡིག་རྙིང་སྐོར་གྱི་དག་སྒྲིག་དང་། སྲུང་སྐྱོབ།  སྤེལ་རེས། དེ་བཞིན་རིག་གཞུང་ཞིབ་འཇུག་སྤེལ་རེས་དང་། རྒྱལ་སྤྱིའི་བར་གྱི་རིག་གནས་སྤེལ་རེས་སྐོར་ལ་བསམ་འཆར་ཡག་པོ་བཏོན་ཡོད་པ་དེས་བོད་ཀྱི་ཡིག་རྙིང་སྲུང་སྐྱོབ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྔོན་ཐོན་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དང་། རྒྱ་བོད་རིག་གནས་ཀྱི་བརྗེ་རེས་ཐད་མཛུབ་སྟོན་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1