རྔ་བ་ཁུལ་སྐབས་དང་པོའི་ཀྲུང་གོའི་རྒན་རྒོན་ལས་དོན་འགྲེམ་ཚོགས་སུ་ཞུགས།

བསོད་ནམས་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-01


  ཞིང་ཆེན་དམངས་སྲིད་ཐིང་དང་སི་ཁྲོན་དངོས་མང་བཤམ་སྟོན་ལས་དོན་ཅུས། ཞིང་ཆེན་རྒན་རྒོན་གཞུང་ལས་ཁང་གིས་སྣེ་ཁྲིད་དང་། ཀྲུང་གོ་རྒན་རྒོན་བྱ་གཞག་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་སྐབས་དང་པོའི་ཀྲུང་གོའི་(སི་ཁྲོན)རྒན་རྒོན་བྱ་གཞག་དང་རྒན་གསོའི་ཞབས་ཞུའི་ལས་རིགས་ཀྱི་དངོས་མང་འགྲེམ་སྟོན་2017ལོའི་ཟླ་10བའི་ཚེས་27ཉིན་ནས་ཚེས་29ཉིན་བར་ཁྲེང་ཏུའུ་གྲོང་ཁྱེར་དུས་རབས་གསར་པའི་འགྲེམ་ཚོགས་ལྟེ་གནས་སུ་བདེ་བླག་ངང་སྤེལ་བ་དང་། རྔ་བ་ཁུལ་དམངས་སྲིད་ཅུས་དང་རྔ་བ་ཁུལ་རྒན་རྒོན་གཞུང་ལས་ཁང་གིས་རྩ་འཛུགས་བྱས་པའི་ཚོ་ཆུང་རྣམས་འགྲེམ་སྟོན་དུ་ཞུགས།

      རྔ་བ་འགྲེམ་ཁང་གི་ཐེངས་འདིའི་བརྗོད་བྱ་གཙོ་བོ་ནི་ལྗང་མདོག་གི་རྔ་བ། ཁམས་གསོའི་རྔ་བ་ཡིན། འགྲེམ་ཁང་གིས་པར་རིས་འགྲེམ་སྟོན་དང་། དངོས་ཟོག་འགྲེམ་སྟོན། བརྙན་ལམ་འགྲེམ་སྟོན་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་མི་རིགས་ས་ཁུལ་གྱི་རྒན་རྒོན་བྱ་གཞག་དང་རྒན་གསོའི་ཞབས་ཞུའི་མ་ལག་ལ་ཐོབ་པའི་གྲུབ་འབྲས་ངོམས་པ་རེད། འགྲེམ་ཁང་གི་ཁྱད་ཆོས་མངོན་གསལ་དོད་པ་དང་། སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་ལྟ་སྐོར་དུ་ཕེབས་མཁན་ཚོས་ཡིད་དབང་བཀུག དེ་མིན་རིགས་ཁག་གི་སྨྱན་སྦྱོར་གྱིས་ཚད་མཐོའི་དོ་ཁུར་བྱས་ལ། ཁམས་པའི་བརྙན་འཕྲིན་ཁང་དང་སི་ཁྲོན་གསར་འགྱུར་དྲ་བ་སོགས་སྨྱན་སྦྱོར་གྱིས་རྔ་བ་འགྲེམ་ཁང་ལ་ཆེད་དོན་བཅར་འདྲི་བྱས་པ་རེད། ཞིང་ཆེན་དམངས་སྲིད་ཐིང་དང་ཞིང་ཆེན་རྒན་རྒོན་གཞུང་ལས་ཁང་གི་འགོ་ཁྲིད་གཙོ་བོས་རྔ་བ་འགྲེམ་ཁང་དུ་སྐོར་ཞིབ་མཛད་ནས་ལས་དོན་ལ་མཛུབ་ཁྲིད་གནང་ཞིང་། རྔ་བ་འགྲེམ་ཁང་ལ་ཐུན་མིན་ཁྱད་ཆོས་དང་མཚོན་བྱེད་རང་བཞིན་ལྡན་ཞེས་བསྟོད་བསྔགས་བྱས།།


       



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1