སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་དམངས་ཆེན་ཨུ་ལྷན་གྱིས་ཀྲུའུ་རེན་ཚོགས་འདུ་འཚོགས་པ།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-02



        ཟླ་10བའི་ཚེས་31ཉིན། སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་བའི་དམངས་ཆེན་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་ཚོགས་འདུ་ཐེབངས་བརྒྱ་དང་དྲུག་པ་འཚོགས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཏུང་མིང་གི་མངག་བཅོལ་ལྟར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཁྲུན་ཀང་ཀྲོའུ་ཡིས་ཚོགས་འདུ་ལ་གཙོ་སྐྱོང་གནང་།
        ཚོགས་འདུ་ལས་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བདུན་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་ལས་རིམ་བསམ་འཆར་གྱི་སྙན་ཞུ་ལ་ཉན་འཇོག་གནང་ནས། ཟླ་11པའི་ཚེས་28ཉིན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བདུན་པ་འཚོགས་རྒྱུར་གྲོས་ཐག་བཅད།
        ཚོགས་འདུ་ལས་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་དམངས་ཆེན་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཀྱིས་གྲོས་ཞིབ་བྱས་པའི་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སི་ཁྲོན་ཞིང་ཆེན་གྱིས་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་དང་པོ་འཚོགས་པའི་གཏན་འབེབས་འཆར་ཟིན་ཞེས་པ་དང་། སི་ཁྲོན་ཞིང་ཆེན་གྱི་ལོ་ཏོག་གི་ས་བོན་དོ་དམ་སྲོལ་ཡིག་བཟོ་བཅོས་འཆར་ཟིན་གྱི་སྙན་ཞུའི་གནས་ཚུལ་ལ་ཉན་པ་དང་། དེ་མིན་ད་དུང་པ་ཀྲུང་གྲོང་ཁྱེར་གྱི་དམར་དམག་རིག་དངོས་སྲུང་སྐྱོབ་སྲོལ་ཡིག་ཞེས་པ་དང་ནའེ་ཅང་གྲོང་ཁྱེར་ཐེན་ཁྲུན་མཚེའུ་སྲུང་སྐྱོང་སྲོལ་ཡིག་བཅས་ལ་གྲོས་ཞིབ་དང་ཆོག་མཆན་བཀོད་པའི་གནས་ཚུལ་བཅས་ལ་གྲོས་སྡུར་བྱས།
        གྲོས་ཚོགས་ལས་ད་དུང་ཁྲེང་ཏུའུ་གྲོང་ཁྱེར་གྱི་སྐབས་གསར་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་སྤྱི་གྲངས་དང་རྒྱུན་ཨུ་ཁང་གིས་གྲུབ་པའི་མི་སྣའི་གྲངས་ཀའི་སྙན་ཞུ། དག་ཐེར་ལེགས་བཅོས་གནས་ཚུལ་གྱི་ཡིད་ཚིམ་ཚད་ལ་བརྟག་པའི་ལས་ཁུངས་ཀྱི་སྙན་ཞུ་དང་བསྐོ་འཐེན་གྲོས་གཞི་ཐག་གཅོད་ཀྱི་སྙན་ཞུ་ལ་གྲོས་སྡུར་བྱས།།
       


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1