ཀྲུང་གོའི་དགེ་རྒན་བཟང་བོ་ཞེས་པའི་སྤྱི་ཕན་འཆར་འགོད་བྱ་འགུལ་རྔ་བ་ཁུལ་མཛོད་དགེ་རྫོང་ནས་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 11-02


        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕུན་གྱིས་པེ་ཅིང་དགེ་འོས་སློབ་ཆེན་ནས་བསྟན་པའི་གལ་ཆེའི་དགོངས་དོན་གཙོ་འཛིན་བྱས་ཏེ། ཀྲུང་གོའི་དགེ་རྒན་བཟང་བོ་ཞེས་པའི་སྤྱི་ཕན་འཆར་འགོད་འགུལ་སྐྱོད་ཀྱི་སི་ཁྲོན་རྔ་བ་ཁུལ་གྱི་དགེ་རྒན་གྱི་ཐུན་མོང་སློབ་དཔྱོད་བྱ་འགུལ་དེ་མཛོད་དགེ་རྫོང་སྟག་ཚ་གྲོང་རྡལ་གྱི་སློབ་ཆུང་དུ་སྤེལ་འགོ་ཚུགས། 
        རྒྱུས་ལོན་བྱས་པ་ལྟར་ན། ད་ཐེངས་ཀྱི་ཀྲུང་གོའི་དགེ་རྒན་བཟང་བོ་ཞེས་པའི་སྤྱི་ཕན་འཆར་འགོད་འགུལ་སྐྱོད་ནི་པེ་ཅིང་དགེ་འོས་སློབ་ཆེན་དང་།ཀྲུང་གོའི་རྨང་གཞིའི་སློབ་གསོའི་སྤུས་ཚད་ལྟ་ཞིབ་ཚད་ལེན་མཉམ་སྒྲུབ་ལྟེ་གནས་ལམ་ལ་ཆས་ཏེ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་ས་གནས་33ལ་བསྐྱོད་དེ་སློབ་གསོ་འཕེལ་རྒྱས་གཏོང་ཐབས་ཐད་སློབ་སྟོན་གང་མང་གནང་ནས། དགེ་རྒན་དཔུང་ཁག་རྒྱ་ཆེར་གཏོང་བ་དང་སློབ་གསོའི་སྤུས་ཚད་མཐོར་གཏོང་བའི་རྨང་གཞི་བརྟན་པོ་བཞག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1