ལི་ཐང་རྫོང་གིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-03


        ཉེ་ལམ། ལི་ཐང་རྫོང་འཇའ་བ་གྲོང་རྡལ་གདོང་གྲུབ་སྡེ་བའི་ཏང་ཀྲི་པུའུ་ཡིས་སྡེ་བ་ཡོངས་ཀྱི་ཏང་ཡོན་རྩ་འཛུགས་བྱས་ཤིང་འཇའ་བ་གྲོང་རྡལ་གྱི་སྒྲོག་འགྲེལ་བ་གཉིས་གདན་ཞུ་བྱས་ནས་བོད་སྐད་ཀྱི་ལམ་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས། 

        སྒྲོག་འགྲེལ་མི་སྣས་གསོན་ཉམས་ལྡན་པའི་དཔེ་མཚོན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གསལ་འགྲེལ་བྱས་པར་མ་ཟད་ལྷག་པར་ཉེ་བའི་ལོ་འདི་གའི་རིང་གི་བོད་ཁུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་གསལ་བོར་བསྟན། གདོང་གྲུབ་སྡེ་བའི་ཏང་ཡོན་ཆོས་འབྱོར་གྱིས་མང་ཚོགས་ཀྱིས་འདི་ལྟ་བུའི་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པ་ནི་ཏང་གི་འགོ་ཁྲིད་དང་སྲིད་ཇུས་བཟང་པོའི་བཀའ་དྲིན་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྙན་ཞུའི་ཁྲོད་གསུང་བཤད་མང་པོ་ཞིག་ང་ཚོ་དང་འབྲེལ་བོ་དམ་པོ་ཡོད་པ་དང་གསུང་ཚིག་རེ་རེ་ལ་དྲོད་ཁོལ་གྱིས་ཁེངས། ང་ཚོ་མ་འོངས་པའི་བདེ་སྐྱིད་ལྡན་པའི་འཚོ་བར་ཡིད་ཆེས་བརྟན་པོ་ཡོད་ཅེས་བཤད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1