༄༅། །བོད་ཁུལ་གྱི་རྡོ་བརྐོས་རིག་གནས།

རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས། བོད་མིའི་རིག་གནས་དྲ་བ། སྤེལ་དུས། 07-23


       རྡོ་ལས་བཞེངས་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ།
        བོད་ཀྱི་ས་ཆ་གང་སར་རྡོ་ཐོག་ལ་བརྐོས་པའི་སྔགས་དང་། ལྷ་སྐུ། བཀྲ་ཤིས་པའི་རི་མོ། ཐང་ག རྡོ་རིང་ཡི་གེ་སོགས་ཡོད་ཅིང་། རྡོ་བརྐོས་དེ་དག་བལྟས་ན་མིག་ལ་མཛེས་པ་མ་ཟད། རིག་གནས་ཀྱི་རིན་ཐང་ཡང་ཆེན་པོ་ལྡན་ཡོད་པ་རེད། བོད་ཀྱི་རྡོ་བརྐོས་རིག་གནས་དེ་གནའ་ནས་ད་བར་མ་ཉམས་པར་ཡོད་པ་དང་། རྡོ་བརྐོས་ལ་ལར་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ཡོད་པ་རེད། ཆོས་ལུགས་དང་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ་དང་བསྟུན་ནས། སྣ་མང་ཕུན་སུམ་ཚོགས་པའི་རྡོ་བརྐོས་རིག་གནས་ཀྱིས་མི་མང་པོའི་ཡིད་དབང་བཀུག་ཡོད་པ་རེད།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1