ལྷ་སར་ཁ་ལོ་བའི་ལག་ཁྱེར་རྒྱུགས་སྤྲོད་སྟབས་བདེ་རུ་ཕྱིན་འདུག

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 11-06


        ཟླ་10ཚེས་30ཉིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་རྒྱུགས་ལེན་ལྟེ་གནས་གསར་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཁ་ལོ་བའི་རྒྱུགས་ལེན་ལྟེ་གནས་གསར་པ་སྤྱོད་འགོ་ཚུགས་པ་ནས་བཟུང་། ལྟེ་གནས་དེ་གར་ཡིག་ཚད་དང་པོ་དང་། གཉིས་པ། གསུམ་པ་བཅས་བདེ་འཇགས་ངང་ཡིག་རྒྱུགས་དུས་གཅིག་ལ་གཏོང་གི་ཡོད་པ་དེ། 2017ལོའི་ཟླ་6པ་ནས་ཁ་ལོ་བའི་ལག་ཁྱེར་ཡིག་རྒྱུགས་གཏོང་ཐབས་གསར་པ་དངོས་སུ་སྤྱོད་འགོ་ཚུགས་ཡོད། 
        ཁ་ལོ་བའི་ལག་ཁྱེར་ཡིག་རྒྱུགས་གཏོང་ཐབས་གསར་པ་སྤྱོད་འགོ་ཚུགས་རྗེས། གལ་ཏེ་རྒྱུགས་སྤྲོད་མཁན་གྱིས་ཐེངས་གཅིག་ལ་ཡིག་ཚད་ཀྱི་སློབ་ཚན་ཚང་མ་རྒྱུགས་ལོན་ཚེ། མགྱོགས་ཤོས་ཉིན་༤༠ནང་ལག་ཁྱེར་ལེན་ཐུབ་གྱི་ཡོད། རྒྱུགས་སྤྲོད་སྐབས་ཡིག་ཚད་རྐུ་བཤུ་བྱེད་རིགས་སྔོན་འགོག་ཡོང་ཕྱིར། ལྷ་སའི་ཁ་ལོ་བའི་ལག་ཁྱེར་རྒྱུགས་ལེན་ལྟེ་གནས་ནས། གསར་དུ་རྒྱུགས་སྤྲོད་མཁན་གྱི་ཡིག་ཚད་དང་པོའི་ནང་ཞུགས་སྐབས་མཛུབ་རིས་དང་འདྲ་པར་འཚོལ་བསྡུ་བྱ་དགོས་པ་དང་། རྒྱུགས་དངོས་སུ་གཏོང་སྐབས་མཛུབ་རིས་དང་འདྲ་པར་གཉིས་བསྡུར་ནས། ཚབ་རྒྱུགས་གཏོང་བ་དང་ཡིག་རྒྱུགས་རྐུ་བཤུ་བྱེད་པ་སོགས་ཀྱི་བྱ་སྤྱོད་སྔོན་འགོག་བྱེད་བཞིན་ཡོད། 
        ངེས་པར་དུ་ཤེས་དགོས་པ་ཞིག་ལ། ལྷ་སར་ཐོ་འགོད་བྱས་ནས་ཁ་ལོ་བའི་ལག་ཁྱེར་ཡིག་རྒྱུགས་ནང་ཞུགས་མཁན་གྱིས་ཡིག་ཚད་དང་པོའི་ནང་མ་ཞུགས་གོང་། སྔོན་ལ་མཛུབ་རིས་དང་འདྲ་པར་གྲངས་གཞིའི་མཛོད་ནང་འཇུག་དགོས། དེ་ནི་སླད་ཕྱིན་ཁ་ལོ་བ་དྲ་ཐོག་ནས་ལག་ཁྱེར་ཁ་གསབ་རེ་ཞུ་བྱེད་པ་དང་། རྒྱུགས་སྤྲོད་མཁན་གྱིས་རྐུ་བཤུ་བྱེད་པའི་གནས་ཚུལ་སྔོན་འགོག་བྱེད་པ་སོགས་ལ་སྟབས་བདེ་ཡོང་ཆེད་ཡིན། ལྷ་སའི་ཡིག་རྒྱུགས་ནང་ཞུགས་མཁན་ཡིན་ཕྱིར། ཁ་ལོ་བའི་ལག་ཁྱེར་རྒྱུགས་ལེན་གྱི་སྦྱངས་འབྲས་ཚང་མ་གྲངས་གཞིའི་མཛོད་ནང་བཅུག་ནས་ལོ་གསུམ་རིང་ཉར་ཚགས་བྱེད་ཀྱི་ཡོད།།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1