སི་ཁྲོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་འཚོགས་པ།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-07



        ཟླ་11བའི་ཚེས་6ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་འཚོགས་ཏེ། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་འཚོགས་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་ལག་བསྟར་བྱེད་པའི་བརྙན་འཕྲིན་དང་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་ནས། རང་རེའི་ཞིང་ཆེན་གྱི་ལག་ལེན་དོན་འཁྱོལ་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་མཐའ་འཁྱོངས་བྱེད་པའི་གནད་དོན་གལ་ཆེན་གྱི་ཞིབ་འཇུག་ཇུས་གཞི་ཞེས་པར་གྲོས་ཞིབ་དང་། གཟི་རྩྭ་སྡེ་དགུའི་ས་འགུལ་རྗེས་ཀྱི་སླར་གསོའི་བསྐྱར་སྐྲུན་གྱི་སྤྱིའི་འཆར་འགོད་དང་འབྲེལ་ཡོད་རྒྱབ་སྐྱོར་སྲིད་ཇུས་བཅས་ལ་གྲོས་ཞིབ་བྱས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཚོགས་འདུ་ལ་གཙོ་སྐྱོང་གནང་།
        ཚོགས་འདུ་ལས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་ལག་བསྟར་བྱེད་པ་ནི་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ནང་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་འོས་འགན་ཡིན་ལ། ཞིང་ཆེན་ཡོངས་ཀྱི་བསམ་བློ་དང་རིག་གནས་ཀྱི་འཐབ་ཕྱོགས་ཀྱི་གལ་ཆེའི་དོན་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་སྟེང་འོག་བར་གསུམ་ཚང་མས་གོམ་གང་མདུན་སྤོས་སྒོས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་འགན་འཁྲིའི་འདུ་ཤེས་ཤུགས་ཆེར་བཏང་ནས། ནན་ཏན་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པ་དང་། དངོས་ཡོད་སྒོས་ལས་ཀ་ཁག་སློབ་སྦྱོང་དང་རྒྱུད་སྒྲོག་ལག་བསྟར་མཐའ་འཁྱོངས་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་དམིགས་ཡུལ་ལས་འགན་ཁག་གཏན་འཁེལ་བྱེད་པའི་ཐོག་ཏུ་གཅིག་གྱུར་བྱས་བྱ་དགོས་པ་ཞེས་བསྟན་པ་རེད།
        ཚོགས་འདུ་ལས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་མཐའ་འཁྱོངས་བྱེད་པའི་གནད་དོན་གལ་ཆེན་གྱི་ཞིབ་འཇུག་ཇུས་གཞི་ཞེས་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས། ཞིང་ཆེན་འགོ་ཁྲིད་པའི་སྣེ་ཁྲིད་བྱས་པའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་ཡག་མོ་བྱེད་ཆེད་བཀོད་སྒྲིག་བྱས་པ་རེད།
        ཚོགས་འདུ་ལས་ད་དུང་གཟི་རྩྭ་སྡེ་དགུའི་ས་འགུལ་གནོད་སྐྱོན་ཐེབས་རྗེས་ཀྱི་སླར་གསོའི་བསྐྱར་སྐྲུན་གྱི་སྤྱིའི་འཆར་འགོད་ཅེས་པ་དང་གཟི་རྩྭ་སྡེ་དགུའི་ས་འགུལ་གནོད་སྐྱོན་ཐེབས་རྗེས་ཀྱི་སླར་གསོའི་བསྐྱར་སྐྲུན་སྲིད་ཇུས་བྱེད་ཐབས་ཀྱི་བསམ་འཆར་ཞེས་པ་གཉིས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
        ཚོགས་འདུའི་ཐོག་ད་དུང་གཞན་པའི་ལས་དོན་ལ་ཞིབ་འཇུག་བྱས་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1