བོད་ལྗོངས་སློབ་ཆེན་གྱི་2014ལོའི་རིག་གཞུང་གཟའ་འཁོར་འགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-24


        སྤྱི་ཟླ་7པའི་ཚེས་21ཉིན་གྱི་སྔ་དྲོ། ཉིན་5རིང་སྤེལ་བའི་བོད་ལྗོངས་སློབ་ཆེན་གྱི་2014ལོའི་རིག་གཞུང་གཟའ་འཁོར་གྱི་བྱེད་སྒོ་བོད་ལྗོངས་སློབ་ཆེན་གྱི་སློབ་ཁུལ་གསར་པའི་ནུས་མང་རིག་གཞུང་སྙན་ཞུ་ཐིང་དུ་སྤེལ་བ་དང་།  ད་ཐེངས་བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་གཟའ་འཁོར་གྱིས་མི་རིགས་རིག་གནས་དང་ས་མཐོའི་ཚན་རྩལ་བཅས་གཉིས་ཀྱི་སློབ་ཚན་དང་འབྲེལ་ནས་བྱེད་སྒོ་སྤེལ།
      ཤེས་རྟོགས་བྱུང་བར། ད་ཐེངས་བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་གཟའ་འཁོར་གྱི་བྱེད་སྒོའི་རིང་།  བོད་ལྗོངས་སློབ་ཆེན་གྱིས་རྒྱལ་ནང་གི་ཆེད་མཁས་པ་དང་། མཁས་དབང་གདན་ཞུ་གནང་ནས། བོད་ལྗོངས་སློབ་ཆེན་གྱི་དགེ་སློབ་རྣམས་ལ་གསོན་ཉམས་ལྡན་ལ་ཆུ་ཚད་མཐོ་བའི་རིག་གཞུང་གི་སྙན་ཞུ་ཞུས་ཡོད། དེ་དང་དུས་མཚུངས། ད་དུང་འབུམ་རམས་པའི་གླེང་སྟེགས་དང་།  ཞིབ་འཇུག་སློབ་མའི་གླེང་སྟེགས། སློབ་གྲྭའི་གཞོན་ནུའི་ཚན་རིག་ཞིབ་འཇུག་གསོ་འཕེལ་གྱི་ཐེབ་རྩའི་རྣམ་གྲངས། སློབ་ཆེན་སློབ་མས་རྣམ་གྲངས་གསར་གཏོད་བྱེད་པའི་ཉམས་མྱོང་གླེང་བ་སོགས་ཀྱི་བྱེད་སྒོ་སྤེལ།
      རྒྱུས་ལོན་བྱུང་བར། སྤྱི་ཟླ་7པའི་ཚེས་21ཉིན་ནས་ཚེས་25ཉིན་བར། བོད་ལྗོངས་སློབ་ཆེན་གྱི་སློབ་གྲྭ་གསར་རྙིང་ཁུལ་ནང་ཉིན་ལྟར་འཆད་ཁྲིད་སྤེལ་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1