ཨ་རིའི་སྲིད་འཛིན་ཐེ་རོམ་ཕུ་པེ་ཅིང་དུ་ཕེབས་འབྱོར་ཟིན་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-09


        ཞིན་ཧྭ་གསར་འགྱུར་ཁང་ནས་འབྱོར་བའི་གནས་ཚུལ་ལྟར་ན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུ་ལྟར་ཨ་རིའི་སྲིད་འཛིན་ཐེ་རོམ་ཕུ་སྤྱི་ཟླ་11པའི་ཚེས་8ཉིན་གྱི་ཕྱི་དྲོར་པེ་ཅིང་དུ་འབྱོར་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པའི་འགོ་ཚུགས་པ་རེད། འདི་ནི་ཐེ་རོམ་ཕུ་ཡིས་ད་ལོའི་ལོ་སྟོད་དུ་ཨ་རིའི་སྲིད་འཛིན་གྱི་འགན་བཞེས་རྗེས་ཐེངས་དང་པོར་ཀྲུང་གོར་འཚམས་འདྲིར་ཕེབས་པ་ཡིན་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་མཇུག་བསྒྲིལ་རྗེས་ཀྲུང་གོའི་ཕྱོགས་ཀྱིས་སྣེ་ལེན་བྱས་པའི་རྒྱལ་དོན་འཚམས་འདྲི་ཐོག་མའང་ཡིན་པ་རེད། ཆ་ཚང་བའི་རྒྱལ་དོན་འཚམས་འདྲི་ལས་གཞན་ད་དུང་ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ལ་ཁྱབ་ཁོངས་ཆུང་བའི་མཇལ་འཕྲད་དང་དངོས་གཞི་མ་ཡིན་པའི་མཇལ་འཕྲད་བཀོད་སྒྲིག་བྱས་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1