ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གཟེངས་བསྟོད་ཐོབ་པའི་རྒྱལ་ཁབ་ཀྱི་ཐོན་རྫས་གལ་ཆེན་རྣམས་ཀྱི་གཟི་ཤུགས།

སྒྲོལ་མ་ཚེ་བརྟན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-13


ལིའོ་ཉིང་མཁའ་སྐྱོད་མ་གྲུས་མཚོ་ངོས་སུ་ཚན་ཞིབ་ཚོད་ལྟ་དང་མཚོ་ཐོག་སྦྱོང་བརྡར་བྱེད་བཞིན་པ།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་དོན། གསར་གཏོད་སྒུལ་ཤུགས་འཕེལ་རྒྱས་ཀྱི་འཐབ་ཇུས་ཤུགས་ཆེན་པོས་ལག་བསྟར་བྱེད་པ་དང་གསར་གཏོད་ཅན་གྱི་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ། ལྷའི་ཕོ་བྲང་དང་དང་ཀླུ་མོ། ལྷ་མིག་དང་ཝུའུ་ཁུང་། མོ་ཙི་དང་གནམ་གྲུ་ཆེན་པོ་སོགས་གལ་ཆེ་བའི་ཚན་རིག་གི་གྲུབ་འབྲས་རེ་རེ་བཞིན་འཇིག་རྟེན་དུ་ཐོན་པ་སྟེ། གནམ་ལ་འཕུར་ནས་ཉི་ཟླར་བསྐོར་བ་བྱ་ཆོག་ལ་མཚོ་རུ་འཛུལ་ནས་ཉ་སོགས་འཛིན་བཟུང་ཡང་བྱ་ཆོག ཉེ་བའི་ལོ་འདི་འགའི་རིང་ལ། རང་རྒྱལ་གྱི་ཚན་རིག་གི་གསར་གཏོད་དང་གལ་ཆེ་བའི་ལས་གཞིའི་འཛུགས་སྐྲུན་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་ནམ་མཁའ་ནས་རྒྱ་མཚོ་སོགས་གནས་གང་ཡིན་རུང་སྐར་ལྔའི་དར་དམར་ལྷབ་ལྷུབ་དུ་བསྐྱོད་པ་མཐོང་ཐུབ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་གཟེངས་བསྟོད་ཐོབ་པའི་རྒྱལ་ཁབ་ཀྱི་མཚོན་ཆ་གལ་ཆེན་འདི་རྣམས་ཁྱེད་ཀྱིས་ངོ་ཤེས་སམ།
ལྷའི་ཕོ་བྲང་། 
ལྷའི་ཕོ་བྲང་ཨང་རྟགས་གཉིས་པའི་འཕུར་གཏོང་བརྒྱུད་རིམ་ཧྲིལ་པོ།

        ན་ནིང་གི་ཟླ་9པར། ཀྲུང་གོས་ཐེངས་དང་པོར་དོན་དང་ལྡན་པའི་བར་སྣང་ཚོད་ལྟའི་ལྷའི་ཕོ་བྲང་རྟགས་ཅན་གཉིས་པ་བདེ་ལེགས་ངང་དངོས་སུ་བར་སྣང་དུ་འཕུར་ཐུབ་པ་བྱུང་ལ། དེས་ཀྲུང་གོའི་གོམ་ཁ་བར་སྣང་དུས་རབས་སུ་སྤོས་པ་མཚོན་ཐུབ། ཉེ་བའི་ལོ་འདི་གའི་རིང་ལ་རང་རྒྱལ་གྱི་མི་ཞུགས་འཇིག་རྟེན་འཕུར་སྐྱོད་ཐད་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ལ་ལྷ་གྲུ་ཨང་བཅུ་གཅིག་པ་བདེ་བླག་ངང་མཁའ་བསྐྱོད་ཐུབ་པ་བྱུང་པ་དང་། འཇིག་རྟེན་འཕུར་བསྐྱོད་པ་བར་སྣང་ནས་བཅའ་སྡོད་བྱས་པ་དང་བར་སྣང་སྣུམ་སྣོན་བདེ་ལེགས་ངང་ལག་བསྟར་བྱས་པས་སྟོབས་ལྡན་རྒྱལ་ཁབ་ཀྱི་སྤོབས་སེམས་དང་ཕུགས་འདུན་མངོན་འགྱུར་བྱུང།
       

ཀླུ་མོ། 

 


2017ལོའི་ཟླ་6པའི་ཚེས་13ཉིན། ནུབ་ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་ཁོངས་སུ་ཀླུ་མོ་རྟགས་ཅན་གྱི་མི་སྡོད་ཆུ་འཛུལ་ཡོ་བྱད་“ཞང་དབྱང་ཧུང་།”09ཞེས་པའི་ཚན་རིག་རྟོག་ཞིབ་ཀྱི་གྲུ་གཟིངས་དང་ཁ་བྲལ་ནས་ཆུར་འཛུལ་ཏེ་ཀྲུང་གོའི་རྒྱ་མཚོ་ཆེན་མོའི་ཆུ་འཛུལ་ཐེངས་38པའི་མཇུག་མཐའི་ཆུ་འཛུལ་བྱས།

        ཀླུ་མོ་རྟགས་ཅན་ནི་རང་རྒྱལ་གྱིས་རང་གིས་ཇུས་འགོད་དང་གྲུབ་འདུས་རང་བརྟེན་བྱས་ནས་བཟོ་སྐྲུན་བྱས་པའི་མི་སྡོད་ཆུ་འཛུལ་ཡོ་བྱད་ཅིག་ཡིན། རིང་ཚད་ལ་སྨི་8.2དང་བོངས་ཚད་ལ་སྨི་3 མཐོ་ཚད་ལ་སྨི་3.4དང་ནང་དུ་མི་3ཤོང་ཐུབ། མཚོ་ནང་དུ་གཏིང་ཟབ་ཚད་ཆེས་མཐོ་བ་སྨི་7062འཛུལ་ཐུབ་པ་དང་འཛམ་གླིང་སྟེང་གི་རིགས་འདྲ་བའི་ཆུ་འཛུལ་ཡོ་བྱད་ལས་གཏིང་ཟབ་ཚད་ཆེས་ཆེ་བ་ཡིན་པས་འཛམ་གླིང་རྒྱ་མཚོའི་རྒྱ་ཁྱོན་གྱི་99.8%ལ་རང་དབང་གིས་འགུལ་སྤྱོད་བྱ་ཆོག
        
ལྷ་མིག  
འདི་ནི་ཀུའེ་ཀྲུའུ་ཅིན་ནན་ཕིང་ཐང་རྫོང་ཁོངས་སུ་ཡོད་པའི་འཛམ་གླིང་ཐོག་ཆེས་ཆེ་བའི་ཚངས་ཐིག་རྐྱང་མའི་འཕྲོ་གློག་རྒྱང་ཤེལ་ཏེ། ཚངས་ཐིིག་ལ་སྨི་500ཅན་གྱི་ཟླུམ་ངོས་འཕྲོ་གློག་རྒྱང་ཤེལ་(FAST)ཡིན།

        ཉེ་སྔོན། རང་རྒྱལ་གྱི་གནམ་དཔྱད་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན་ཀྲུང་གོའི་གནམ་མིག་FASTཡིས་གློག་འཕར་གསར་པའི་རྒྱུ་སྐར་ཁྲོད་ནས་རྒྱུ་སྐར་གཉིས་སའི་གོ་ལ་དང་བར་ཐག་ཕལ་ཆེར་འོད་ལོ་4100ནས་འོད་ལོ་ཁྲི་1.6ཡོད་པ་ཤེས་རྟོགས་བྱུང་། འདི་ནི་རང་རྒྱལ་གྱི་འཕྲོ་གློག་རྒྱང་ཤེལ་གྱིས་ཐེངས་དང་པོར་གློག་འཕར་རྒྱུ་སྐར་ཤེས་རྟོགས་བྱུང་པ་ཡིན། ཀྲུང་གོའི་ལྷ་མིག་ནི་འཛམ་གླིང་སྟེང་གི་ཆེས་ཆེ་བའི་ཁ་ཞེང་རྐྱང་པའི་འཕྲོ་གློག་རྒྱང་ཤེལ་ཡིན་ལ་ཨ་མེ་རི་ཁའི་ཨ་ལེ་ཞི་པོ་རྒྱང་ཤེལ་དང་བསྡུར་ན་ཕྱོགས་བསྡུས་རང་བཞིན་ཕལ་ཆེར་ལྡབ་10ཡིས་མཐོ་རུ་ཕྱིན་ཡོད།
        
ཝུའུ་ཁུང་།  
        2015ལོར། རང་རྒྱལ་གྱིས་རྒྱལ་ཁའི་ངང་ཀྲུང་གོའི་ཚན་རིག་འཁོར་སྐར་རིགས་ཀྱི་ཆེས་ཐོག་མར་བཏང་བའི་རྒྱུ་སྐར། མངོན་མེད་དངོས་པོའི་རིལ་རྡུལ་འཚོལ་ཞིབ་སྲུང་སྐར་“ཝུའུ་ཁུང་”མཁའ་དབྱིངས་སུ་འཕེན་གཏོང་བྱས། དེ་ནི་སྐབས་དེའི་འཛམ་གླིང་སྟེང་གི་ལྟ་ཞིབ་ཚད་འཇལ་གྱི་ཁྱབ་ཁོངས་ཆེས་ཡངས་པ་དང་ནུས་ཚད་ཀྱི་དབྱེ་འབྱེད་ཚད་ཆེས་ལེགས་པའི་མངོན་མེད་དངོས་པོའི་རིལ་རྡུལ་འཚོལ་ཞིབ་སྲུང་སྐར་ཡིན། སྲུང་སྐར་འདིས་མཁའ་དབྱིངས་སུ་མངོན་མེད་དངོས་པོ་ཡོད་པ་འཚོལ་ཞིབ་བྱེད་པའི་བདེན་དཔང་ནི་མིའི་རིགས་ཀྱིས་འཇིག་རྟེན་ཁམས་ཀྱི་སྲོག་རྩའི་གསང་བར་རྟོག་ཞིབ་བྱེད་པའི་ཁྲོད་སླར་ཡང་སྤོས་པའི་གོམ་སྟབས་གལ་ཆེན་ཞིག་ཡིན།
       
མོ་ཙི་རྟགས་ཅན།  
2016ལོའི་ཟླ་12པའི་ཚེས་10ཉིན། བོད་ལྗོངས་མངའ་རིས་བརྟག་དཔྱད་ས་ཚིགས་སུ་མོ་ཙི་རྟགས་ཅན་གྱི་ཚད་རྡུལ་ཚན་རིག་ཚོད་ལྟའི་འཁོར་སྐར་རྒྱལ་མཚམས་ལས་བརྒལ་ཏེ་ཚན་ཞིབ་མི་སྣས་ཚོད་ལྟ་བྱེད་བཞིན་པ།

        མོ་ཙི་རྟགས་ཅན་ནི་རང་རྒྱལ་གྱི་རང་གིས་བཟོ་སྐྲུན་བྱས་པའི་འཛམ་གླིང་སྟེང་གི་རྡུལ་ཕྲན་དང་པོའི་བར་སྣང་ཚད་རྡུལ་ཚན་རིག་ཚོད་ལྟའི་འཁོར་སྐར་ཞིག་ཡིན། 2017ལོར། ཀྲུང་གོའི་ཚན་རིག་ཁང་གིས་མོ་ཙི་རྟགས་ཅན་གྱིས་གྲུབ་འབྲས་གསར་པ་བླངས་བ་ཁྱབ་བསྒྲགས་བྱས། རྒྱལ་སྤྱིའི་སྟེང་ཆེས་ཐོག་མར་རྒྱལ་ཁའི་ངང་སྤྱི་ལེ་སྟོང་རིམ་པའི་རྒྱུ་སྐར་དང་ས་གནས་ཀྱི་ཕྱོགས་གཉིས་ཚད་རྡུལ་འཕྲིན་གཏོང་མངོན་འགྱུར་བྱུང་པ་དེས་གོ་ལ་ཧྲིལ་པོར་ཁེབས་པའི་ཚད་རྡུལ་གསང་སྲུང་འཕྲིན་གཏོང་དྲ་རྒྱ་འཛུགས་སྐྱོང་དང་། ཚན་རིག་དང་ལག་རྩལ་གྱི་རྨང་གཞི་སྲ་བརྟན་གཏོང་པའི་རྨང་རྡོ་བཏིངས།
        
གནམ་གྲུ་ཆེན་མོ།  
ཀྲུང་གོའི་རྒྱལ་སྤྱིའི་ཚད་ལྡན་ཆུ་ཚད་ལྡན་པའི་དམངས་སྤྱོད་གནམ་གྲུ་ཐོག་མ་C919ཧྲང་ཧའེ་ཕུའུ་ཏུང་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་འཕུར་སྐྱོད་ཐོག་མ་ལེགས་གྲུབ་བྱུང་།

        2017ལོའི་ཟླ་5པའི་ཚེས་5ཉིན། རང་རྒྱལ་གྱི་རང་གིས་ཞིབ་འཇུག་བཟོ་སྐྲུན་བྱས་པའི་དུས་སྐབས་གསར་པའི་རླངས་འབུད་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་C919རྟགས་ཅན་ཧྲང་ཧེའི་ཕུའུ་ཏུང་གནམ་གྲུ་ཐང་ནས་ཆེས་ཐོག་མའི་མཁའ་འཕུར་ལེགས་གྲུབ་བྱུང་། འདི་ཡིས་རང་རྒྱལ་འཛམ་གླིང་ཐོག་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཞིབ་འཇུག་གསར་སྤེལ་དང་བཟོ་སྐྲུན་ནུས་པ་ཡོད་པའི་ཁ་གྲངས་ཉུང་ཉུང་ཡིན་པའི་རྒྱལ་ཁབ་ཀྱི་གྲས་སུ་གྱུར་ལ། བཟོ་སྐྲུན་ཚོང་པ་ཉུང་ཤས་ཤིག་གིས་དུས་ཡུན་རིང་པོའི་ནང་ཆེས་མཐོའི་སྒེར་བསྡོམས་བྱས་པ་གཏོར་ཐུབ་པ་བྱུང་། མི་མངོན་པའི་ནུས་ཤུགས་ཆེས་ཆེར་ལྡན་པའི་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་གནམ་གྲུའི་ཁྲོམ་རའི་ཐོག་གནས་བབ་ངེས་ཅན་ཞིག་བཟུང་ཡོད།
       
ཀྲུང་གོའི་ཟམ་པ།  
2017ལོའི་ཟླ་7པའི་ཚེས་7ཉིན། ཀང་ཀྲུའུ་ཨོ་ཟམ་ཆེན་གྱི་གཙོ་གཟུགས་བཟོ་སྐྲུན་ཕྱོགས་ཡོངས་ནས་ཤར་གཏོང་བྱུང། འདི་ནི་ཀང་ཀྲུའུ་ཨོ་ཟམ་ཆེན་གྱི་ཀྲུང་གོའི་མདུད་པ་ཞེས་པའི་བཟོ་དབྱིབས་ཀྱི་ཟམ་པ་ཡིན།

        སྤྱི་ཟླ་7པར། ཞང་ཀྲུའུ་ཨོ་ཟམ་ཆེན་གྱི་གཙོ་གཞི་བཟོ་སྐྲུན་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་པ་བྱུང་། ཟམ་ཆེན་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་55ཡོད་པ་དང་ཞང་ཀང་དང་ཀྲུའུ་ཧེ། ཨོ་མིན་བཅས་སྦྲེལ་བའི་ཆེས་ཆེ་གྲས་ཀྱི་མཚོ་བརྒལ་རྒྱུ་ལམ་ཡིན་ལ། འཛམ་གླིང་སྟེང་ཆེས་རིང་པའི་མཚོ་བརྒལ་ཟམ་ཆེན་ཡང་ཡིན། ཤར་གཏོང་བྱས་རྗེས་ཞང་ཀང་ནས་ནང་ལོགས་སུ་ཡོང་ན་སྐར་མ་སུམ་ཅུའི་ལམ་ཐག་ལས་མི་དགོས། མིག་སྔར་རང་རྒྱལ་གྱི་གཞུང་ལམ་ཟམ་པའི་སྤྱིའི་བསྡོམས་འབོར་ནི་ཁྲི་80ལྷག་ལ་སླེབས་ཡོད་པ་དང་ལྕགས་ལམ་གྱི་ཟམ་པའི་སྤྱིའི་བསྡོམས་འབོར་ནི་ཁྲི་20ལྷག་ལས་བརྒལ་ཡོད། ཧ་ལམ་ལོ་རེར་འཛམ་གླིང་གི་ཟམ་པའི་འཛུགས་སྐྲུན་ཐད་ཀྱི་ཟིན་ཐོ་གསར་པ་གཏོད་བཞིན་ཡོད་དེ། ཀྲུང་གོའི་ཟམ་པས་འཛམ་གླིང་ལ་ཡིད་སྨོན་འཆོར་ཏུ་འཇུག
       
ཀྲུང་གོའི་གྲུ་ཁ།  
ལས་སྣོན་བྱེད་བཞིན་པའི་ཆིང་ཏའོ་གྲུ་ཁའི་ཆེན་ཝན་དུས་རིམ་གསུམ་པའི་དོས་སྒམ་གྲུ་ཁ།

        ཀྲུང་གོའི་ཞང་ཀང་གྲུ་ཁའི་སྒྲིག་ཆས། གོ་ལ་ཡོངས་སུ་བགོ་བཀྲམས་བྱས་ཡོད་པ་སྟེ་ལོ་ལྔའི་སྔོན་གྱི་70%ནས་82%རུ་འཕར་སྣོན་བྱུང་ཡོད། ཀྲུང་གོའི་བཟོ་སྐྲུན་མཚོ་རྒྱུད་དེད་ནས་འགྲོ་བཞིན་ཡོད་པ་དང་། གོ་རིམ་ཡོད་པ་དང་ནུས་པ་ཆེན་པོའི་སྒོ་ནས་འཛམ་གླིང་ཡོངས་སུ་སྐྱེལ་འདྲེན་བྱེད་བཞིན་ཡོད། གོ་ལ་ཡོངས་ཀྱི་སྐྱེལ་འདྲེན་བྱེད་ཚད་ཨང་རིམ་བཅུ་ཡན་གྱི་ལྷག་རིམ་གྲུ་ཁའི་ནང་ནས་ཀྲུང་གོས་གྲུ་ཁ་བདུན་ཡོངས་སུ་འགན་ལེན་བྱས་ཡོད་པ་དང་། ལྷག་རིམ་གྲུ་ཁ་རེ་རེས་རྒྱུན་མི་ཆད་པར་ཟིན་ཐོ་གསར་པ་གཏོད་བཞིན་ཡོད་དོ།།
        
ཀྲུང་གོའི་མྱུར་བགྲོད་ལྕགས་ལམ།  

        བསྐྱར་དར་རྟགས་ཅན་ནི་རང་རྒྱལ་གྱི་རྦད་དེ་རང་བདག་གི་ཤེས་བྱའི་བདག་དབང་ཡོད་པའི་ཚད་ལྡན་གྱི་སྒུལ་འཁོར་གྲལ་ཚན་ཞིག་ཡིན་ལ། དེས་ལྕགས་ལམ་ལག་རྩལ་གྱི་སྒྲིག་ཆས་ཆ་ཚང་པ་དང་ལྷག་པར་དུ་མྱུར་ཚད་མཐོ་བའི་སྒུལ་འཁོར་འཛམ་གླིང་གི་སྔོན་ཐོན་གྲལ་དུ་ཚུད་ཡོད་པ་མཚོན། ཀྲུང་གོའི་གསར་གཏོད་ཆེན་པོ་བཞིའི་ཡ་གྱལ་གྱི་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་ཀྲུང་གོའི་སྒོ་ཆེན་ནས་འཛམ་གླིང་གི་ཕྱོགས་སུ་སྐྱོད་བཞིན་ཡོད། སྤྱི་ལེ་ཁྲི་2.2ཡོད་པའི་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གྱི་སྤྱིའི་ལམ་ཚད་ནི་ཨང་གཉིས་པ་ནས་ཨང་བཅུ་པའི་རྒྱལ་ཁབ་ཀྱི་སྤྱི་བསྡོམས་ལས་བརྒལ་ཡོད་པ་དང་ནང་གསེས་བཅུ་ཆའི་དྲུག་ནི་ཉེ་བའི་ལོ་ལྔའི་ནང་བསྐྲུན་པ་རེད། མཚོ་ལྷོའི་གླིང་ཕྲན་བརྒྱུད་པའི་མྱུར་བགྲོད་ལྕགས་ལམ་དང་ཧ་ཏའི་མྱུར་བགྲོད་ལྕགས་ལམ། ཅིང་ཅིན་མྱུར་བགྲོད་ལྕགས་ལམ་སོགས་ལམ་བར་དུ་རི་ཀླུང་གི་བརྗིད་ཉམས་དང་རང་བྱུང་ཁོར་ཡུག་གི་མཛེས་དཔལ་ལ་གཟིགས་ཆོག
        
རྒྱལ་ཐོན་མཁའ་སྐྱོད་མ་གྲུ།  
        ད་ལོའི་ཟླ་4པར། རང་རྒྱལ་གྱི་ཆེས་ཐོག་མའི་རྒྱལ་ཐོན་མཁའ་སྐྱོད་མ་གྲུ་ཏ་ལེན་ནས་དངོས་སུ་ཆུ་འཇུག་བྱས། གྲུ་ཁ་ནས་བུད་དེ་མཚོར་སྐྱོད་པ་ནི་མཁའ་སྐྱོད་མ་གྲུའི་འཛུགས་སྐྲུན་ཁྲོད་ཀྱི་བར་སྐབས་གལ་ཆེན་ཞིག་ཡིན། འདིས་རང་རྒྱལ་གྱིས་རང་གིས་རང་ལ་བརྟེན་ནས་ཇུས་འགོད་བཟོ་སྐྲུན་བྱས་པའི་མཁའ་སྐྱོད་མ་གྲུ་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མཚོན་ཐུབ། ཀྲུང་གོའི་ཟམ་པ་དང་།ཀྲུང་གོའི་རླངས་འཁོར། ཀྲུང་གོའི་གྲུ་ཁ། ཀྲུང་གོའི་དམག་གྲུ་སོགས་ཕུགས་བསམ་རེ་རེ་མངོན་འགྱུར་བྱུང་བ་དེས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་མཚོན་བཞིན་ཡོད།
       


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1