གསེར་ཐར་རྫོང་གིས་ལག་རྩལ་གསར་པ་བསླབས་ཏེ་འབྱོར་ཕྱུག་གི་ལམ་བུ་རྒྱ་ཆེར་བཏང་།

ཚེ་རིང་རྒྱ་མཚོ་དང་གཡུང་དྲུང་ཚེ་རྣམ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-14


     མིག་སྔར། ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་ཀྱིས་ཁ་གཏད་རོགས་སྐྱོར་བྱས་ནས་གསེར་རྟ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཝུན་ཅང་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་མཉམ་འབྲེལ་བྱས་པར་བརྒྱུད། ཁྲེང་ཏུའུ་གྲོང་ཁྱེར་གྱི་བདེ་སྐྱིད་ལག་པའི་ནང་ཞེས་པའི་གསར་འཆར་ཚད་ཡོད་སྤྱི་གཉེར་ཁང་གིས་གསེར་ཐར་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་ཐོན་རྫས་འཁུར་ནས་གསེར་ཐར་རྫོང་རྒྱ་ཤོད་ཡུལ་ཤོག་ཏུ་ལག་པས་བསྐྲུན་པའི་བརྩེ་བ་ཞེས་པའི་ལག་རྩལ་སྦྱོང་བརྡར་བྱས་པ་རེད།
     སྦྱོང་བརྡར་བྱེད་པའི་སྐབས་སུ་ཁྲེང་ཏུའུ་བདེ་སྐྱིད་ལག་པའི་ནང་ཞེས་པའི་གསར་འཆར་ཚད་ཡོད་སྤྱི་གཉེར་ཁང་གི་དགེ་རྒན་གྱིས་ལག་ཤེས་ཐོན་རྫས་ཀྱི་རྒྱུ་ཆ་འདེམས་སྒྲུག་དང་ལག་བཟོའི་བརྒྱུད་རིམ། ཐབས་ཤེས་སོགས་སློབ་མ་རྣམས་ལ་བསླབས་པ་རེད།
     ཞིང་འབྲོག་མང་ཚོགས་ཚོས་ས་གནས་རང་ཉིད་ནས་ལས་ཀ་རྙེད་ཆེད་ཝུན་ཅང་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བདེ་སྐྱིད་ལག་པའི་ནང་ཞེས་པའི་གསར་འཆར་ཚད་ཡོད་སྤྱི་གཉེར་ཁང་གདན་འདྲེན་ཞུས་ཏེ་སྦྱོང་བརྡར་བྱས་པ་རེད། དེས་མང་ཚོགས་ཀྱི་བསམ་བློ་ལ་འགྱུར་བ་ཐེབས་ནས་ཡོང་སྒོ་འཕར་སྣོན་གཏོང་ཐུབ་ཅེས་ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་བོད་ཁུལ་རོགས་སྐྱོར་ལས་བྱེད་པ། གསེར་ཐར་རྗོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཀྲུའུ་ཕིང་གིས་དེ་ལྟར་བཤད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་སྦྱོང་བརྡར་གྱི་དུས་ཡུན་ནི་ཉིན་བརྒྱད་དང་། ཡུལ་ཤོག་གསུམ་གྱི་མི་ལྔ་བཅུ་ལྷག་འདུས་ཡོད། གཙོ་བོར་གསེར་ཐར་རྫོང་གི་ཐོན་ལས་ཀྱི་ཁྱད་ཆོས་མ་ཉམས་པར་ཞིང་འབྲོག་མང་ཚོགས་ལ་ཆེད་དུ་ཁ་གཏད་དེ་ལག་ཤེས་ལག་རྩལ་སྦྱོང་བརྡར་བྱས་པ་རེད། ད་དུང་མངག་ཐོ་དང་དུ་བླངས་ནས་ལག་ཤེས་ཐོན་ལས་ཀྱི་སྦྲེལ་ཐག་ཆགས་སུ་བཅུག དེས་ཞིང་འབྲོག་མང་ཚོགས་ཚོས་ས་གནས་རང་ནས་ལས་ཀ་རྙེད་པ་དང་། ཁྲག་གསབ་པའི་དབུལ་སྐྱོར་རྣམ་པ་དེ་ཁྲག་བསྐྲུན་པ་ལྟ་བུའི་དབུལ་སྐྱོར་རྣམ་པར་བསྒྱུར། གསེར་ཐར་རྫོང་བུད་མེད་མཉམ་འདྲེན་ལྷན་ཚོགས་དང་རྒྱ་ཤོད་ཡུལ་ཤོག་གི་ལས་བྱེད་ཡོངས་རྫོགས་སྦྱོང་བརྡར་བྱེད་སའི་ནང་ཞུགས་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1