ཞིང་ཆེན་ཡོངས་ཀྱི་ཚན་རྩལ་འཐུས་མིའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བཞུགས་མོལ་ཚོགས་འདུ་འཚོགས་པ།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-14


        ཟླ་བ་11པའི་ཚེས་11ཉིན། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ལས་སྒྲུབ་མཐུས་མིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་བཞུགས་མོལ་ཚོགས་འདུ་དེ་སི་ཁྲོན་སློབ་ཆེན་དུ་བསྡུ་འཚོགས་བྱས་ཏེ། སློབ་སྦྱོང་ཐད་ཀྱི་བསམ་བློའི་མྱོང་ཚོར་དང་ཤེས་རྟོགས་མྱོང་ཚོར་གླེང་ནས། བསམ་བློ་གཅིག་གྱུར་དང་། ངོས་འཛིན་གཅིག་མཐུན་སྔར་ལས་ཡོང་བ་བྱས་ཏེ།  ཞི་ཅིན་ཕིང་ལགས་ཀྱིས་བཏོན་པའི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་བསམ་བློར་དྲག་ཆས་སྤྲས་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དེ་ཚན་རྩལ་གསར་གཏོད་ཀྱི་ལག་ལེན་དངོས་ཁྲོད་སྐུལ་འདེད་གཏོང་བར་དོན་འཁྱོལ་བྱ་དགོས་པ། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། རྒྱུན་ལས་ཨུ་ཡོན་གྱི་ཀྲུའུ་ཞི་གཞོན་པ་ཧའེ་ཅིན་ཕིན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་རྣམ་གཉིས་ཚོགས་འདུ་ལ་ཞུགས་ནས་གསུང་བཤད་གནང་། 
        ཧའེ་ཅིན་ཕིང་གིས་ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱིས་ཚབ་མཛད་ནས་ཚན་རྩལ་མཐུན་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པའི་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་བཀའ་དྲིན་ཆེ་ཞུས་པ་དང་། སི་ཁྲོན་ཚན་རྩལ་མཐུན་ཚོགས་ཁོངས་གཏོགས་ཀྱིས་ཉེ་བའི་ལོ་ཤས་རིང་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་ཚན་རྩལ་བྱ་གཞག་ཐད་ལ་བླང་བྱ་གསར་པ་དང་རེ་སྒུག་གསར་པ་བཏོན་ཡོད་པས། རྒྱ་ཆེ་བའི་ཚན་རྩལ་ལས་སྒྲུབ་པ་རྣམས་ཀྱི་ཕུགས་བསམ་མངོན་འགྱུར་བྱེད་པར་རྒྱ་ཆེའི་གར་སྟེགས་འདོན་སྤྲོད་བྱས་པ་དང་། སི་ཁྲོན་ཞིང་ཆེན་དང་འབྲེལ་འདྲིས་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་ནས། མཉམ་དུ་གསར་གཏོད་འཕེལ་རྒྱས་ཀྱི་དཔེ་སྟོན་དང་ཚོགས་པ་བཅོས་བསྒྱུར་གྱི་དཔེ་སྟོན་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ལས་ཀ་ལེགས་པོ་བསྒྲུབས་ནས། ཚན་རྩལ་ལས་སྒྲུབ་པས་དུས་རབས་གསར་བར་བྱས་རྗེས་འཇོག་པར་སྔར་ལས་ཆེ་བའི་ལས་སྟེགས་སྐྲུན་ཡོད་ཞེས་བཏོན།
        ཏེང་ཞའོ་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚབ་མཛད་ནས་ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱིས་དུས་ཡུན་རིང་བོར་སི་ཁྲོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས།
        ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ལས་རིགས་ཀྱི་སྡེ་ཁག་སོ་སོ་ནས་ཡོང་བའི་འཐུས་མི་11གིས་ཉམས་མྱོང་བརྗེ་རེས་ཀྱི་གཏམ་བཤད་གནང་པ་དང་། ཚོགས་འདུ་མ་ཚོགས་པའི་སྔོན་ལ། ཧའེ་ཅིན་ཕིན་དང་ཏིན་ཞའོ་ཀང་ལྷན་ཕེབས་རྣམས་ཀྱིས་སི་ཁྲོན་སློབ་ཆེན་གྱི་ཚན་རྩལ་ཞིབ་འཇུག་གི་གྲུབ་འབྲས་འགྲེམ་སྟོན་ལ་ལྟ་སྐོར་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1