༄༅།། ཁྲོམ་བསྒྲགས་བྱེད་འོས་པའི་སྡེ་དོན་གང་དག་ཡིན།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-14


      རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྒྲིག་སྲོལ་དང་སྲིད་ཇུས་ནང་དུ་ཁྲོམ་བསྒྲགས་བྱ་ཆོག་པའི་དོན་ཚན་ནི། དཔེར་ན། འཆར་ལྡན་བུ་སྐྱེས་སྲིད་ཇུས་དང་མུག་སེལ་རྒུད་སྐྱོབ་ཀྱི་རོགས་དངུལ། གཞིས་ཀའི་བཀོལ་སྤྱོད་དང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་སྤྱོད་སྟངས། སྡེ་བའི་ལས་བྱེད་པར་གླ་ཕོགས་སྟེར་བ་སོགས་སྡེ་མི་ཡོངས་ལ་ཁྱབ་བསྒྲགས་བྱས་ན་འགྲིག  སྡེ་བའི་ཐུན་མོང་གི་རྒྱུ་ནོར་ལས་སྡེ་དོན་ལ་འགྲོ་གྲོན་ག་ཚོད་སོང་བ་རྩིས་ཐོའི་སྟེང་དུ་བྲིས་ཏེ་སྡེ་མི་ཡོངས་ལ་ཤེས་སུ་བཅུག་ན་དམངས་སེམས་བདེ་ལ་དཔོན་སེམས་ཀྱང་སྐྱིད་པ་ཞིག་འོངས་ཐུབ། དེ་ལས་གཞན་སྡེ་བའི་དཔྱ་ཁྲལ་བཅོས་སྒྱུར། ཞིང་སྡེ་གསར་བའི་མཉམ་ལས་སྨན་བཅོས། རྨོ་འདེབས་རྩྭ་འདེབས་སོགས་སྡེ་དམངས་ལ་ཕན་པའི་བྱ་བ་ཞིག་ཡིན་ཕྱིར། སྡེ་དོན་ཁྲོམ་བསྒྲགས་ཀྱི་ནང་དུ་འཇོག་དགོས་སོ། །
       (མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1