དཀར་མཛེས་ཁུལ་གྱི་རྒྱལ་ལམ་རྣམ་གྲངས་གསུམ་ལ་ཞིང་ཆེན་གྱི་ཆོག་མཆན་ཐོབ།

ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-16



        སྤྱི་ཟླ་11པའི་ཚེས་7ཉིན་ལ།  དཀར་མཛེས་ཁུལ་གྱི་རྒྱལ་ལམ་215ལས་སེར་ཤུལ་རྫོང་གི་སྨན་འབྲས(མཚོ་སྔོན་དང་སི་ཁྲོན་གྱི་ས་མཚམས།)ནས་ལོ་ཆུང་བར་དུ་ཨར་ལས་བསྐྱར་སྐྲུན་བྱེད་པ་དང་།  རྒྱལ་ལམ་248ལས་རོང་བྲག་རྫོང་མཁར་ནས་རྔ་བ་ཁུལ(རོང་བྲག་རྫོང་མཁར་ཕུད་པའི་ལམ་དུམ་འདུས།)བར་དུ་ཨར་ལས་བསྐྱར་སྐྲུན་བྱེད་པ།  རྒྱལ་ལམ་549ལས་ཧྲི་མེན(གཡག་རྔའི་ཁོངས།)ནས་དཀར་མཛེས་ཁུལ་བརྒྱད་ཟིལ་བར་ཨར་ལས་བསྐྱར་སྐྲུན་བྱེད་པ་བཅས་རྣམ་གྲངས་གསུམ་ལ་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཆོག་མཆན་དངོས་སུ་ཐོབ་པ་དང་།  རྣམ་གྲངས་འདི་ལ་ཕལ་ཆེར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་55.93གཏང་དགོས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1