ཚ་ཁུལ་གྱི་སྲོག་ཆགས་བོད་ལྗོངས་སུ་གཞིས་ཆགས།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 11-21


 
ལུག་རྔ་མོང་།

        ཟླ་11ཚེས་16ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་སྲོག་ཆགས་སྲུང་སྐྱོང་གླིང་ནས་ཤེས་རྟོགས་བྱུང་གསལ། ཚ་ཁུལ་དང་ཚ་ཁུལ་ཕལ་བའི་སྲོག་ཆགས་ལུག་རྔ་མོང་དང་རྐྱང་ཁྲ་བོད་ལྗོངས་སུ་གཞིས་ཆགས་པས། འདི་ཡིས་བོད་ལྗོངས་སུ་སྤྱན་གཟིགས་སྲོག་ཆགས་ཀྱི་རིགས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་མཚོན་པ་རེད།
        སྲོག་ཆགས་སྲུང་སྐྱོང་གླིང་འདི་ནི་ལྷ་ས་གྲོང་ཁྱེར་དང་ཐག་རིང་པོ་མེད་པའི་རང་བྱུང་ནགས་ཁུལ་དུ་བཙུགས་ཡོད་ཅིང་། སྲོག་ཆགས་དག་ནགས་ཚལ་ཁྲོད་དལ་ལྷོད་དུ་འཆམ་པ་སྟེ། དགུན་དུས་ཀྱི་ཉི་མ་ལྡེ་བ་དང་། མཚམས་རེར་མགོ་སྒུར་ནས་རྩྭ་ཟ་ཞིང་། མཚམས་རེར་མཉམ་རུབ་ངལ་གསོ་ནས་སྤྲོད་སྐྱིད་ལྡན་ཞིང་འཇམ་ཐེང་ངེར་སྣང་། སྲོག་ཆགས་སྲུང་སྐྱོང་གླིང་འདིའི་གཉེར་སྐྱོང་སྤྱི་གཉེར་པ་ལུའུ་ཆན་ཆན་གྱིས་གསར་འགོད་པར་སྲོག་ཆགས་སྲུང་སྐྱོང་གླིང་གི་རྒྱ་ཁྱོན་ལ་མུའུ་1113ཡོད་པ་དང་། དེ་རུ་སྲོག་ཆགས་རིགས་27ཡོད་ཅིང་། དེའི་ཁྲོད་དུ་ལུག་རྔ་མོང་དང་། ཤྭ་བ་ཁྲ་རིས། རྔ་མོང་། རྨ་བྱ་སོགས་ནི་ནང་ས་ནས་ནང་འདྲེན་བྱས་པ་ཡིན་ཞིང་།  བོད་ལྗོངས་སུ་ཁྲིད་ཡོང་ནས་ཡུན་རིང་སོང་མེད་པའི་རྐྱང་ཁྲ་ནི་མཐོ་སྒང་གི་གསོ་རླུང་མི་འདང་བའི་ཁོར་ཡུག་ལ་འཕྲོད་མཐུན་བྱེད་བཞིན་ཡོད་ཅེས་བཤད་པ་རེད། །
རྐྱང་ཁྲ།

རྨ་བྱ།

རྔ་མོང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1