འདས་པའི་ཟླ་བ10ནང་དཀར་མཛེས་ཁུལ་གྱི་གཙོ་གནད་ལས་གཞི་ཐད་མ་དངུལ་འཇོག་རྒྱུ་སྒོར་དུང་ཕྱུར262.67གྲུབ་པ།

ལྷ་འཛོམས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-23


    
     2017ལོར་དཀར་མཛེས་ཁུལ་གྱི་གཙོ་གནད་ལས་གཞི170ཡོད་པ་དང་ལོ་འཁོར་གྱི་མ་དངུལ་འཇོག་རྒྱུ་འཆར་གཞི་སྒོར་དུང་ཕྱུར286.15ཡིན་པ་རེད། ཟླ་བ་དང་པོ་ནས10པའི་བར་རིམ་རྩིས་བྱས་ན་མ་དངུལ་འཇོག་རྒྱུ་སྒོར་དུང་ཕྱུར262.67གྲུབ་པ་དང་ལོ་འཁོར་འཆར་གཞིའི་བརྒྱ་ཆ91.79་ལ་ཟིན་པ། སྔོན་མཐུད་འཛུགས་སྐྲུན་ལས་གཞི་ཐད་མ་དངུལ་འཇོག་རྒྱུ་དུང་ཕྱུར162.57གྲུབ་པ་དང་ལོ་འཁོར་འཆར་གཞིའི་བརྒྱ་ཆ87.46ལ་ཟིན་པ། གསར་དུ་གཉེར་པའི་ལས་གཞིའི་ཐད་མ་དངུལ་འཇོག་རྒྱུ་སྒོར་དུང་ཕྱུར100.1གྲུབ་པ་དང་ལོ་འཁོར་འཆར་གཞིའི་བརྒྱ་ཆ་99.84ལ་ཟིན་པ། གལ་ཆེའི་རྨང་གཞིའི་སྒྲིག་བཀོད་ལས་གཞིའི་ཐད་རིམ་རྩིས་བྱས་ན་མ་དངུལ་འཇོག་རྒྱུ་སྒོར་དུང་ཕྱུར122.55གྲུབ་པ་དང་ལོ་འཁོར་འཆར་གཞིའི་བརྒྱ་ཆ111.75ལ་ཟིན་པ། གལ་ཆེའི་ཐོན་ལས་ལས་གཞི་ཐད་མ་དངུལ་འཇོག་རྒྱུ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར125.31གྲུབ་པ་དང་ལོ་འཁོར་འཆར་གཞིའི་བརྒྱ་ཆ81.08ལ་ཟིན་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1