དར་མདོ་གྲོང་ཁྱེར་གྱིས་བོད་སྐད་ཡིག་གི་བཀོལ་སྤྱོད་ཁྲིམས་བསྟུན་ཅན་དུ་བཏང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-23



        ཁྱོན་ཡོངས་ནས་བོད་སྐད་ཡིག་བཀོལ་སྤྱོད་ཀྱི་གོ་རིམ་ཁྲོད་གནས་པའི་གནད་དོན་ལེགས་བཅོས་བྱས་ནས། ཤུགས་ཆེན་པོས་དར་མདོ་གྲོང་ཁྱེར་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེས་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ལ་ཁ་དབུགས་ལེགས་པོ་ཞིག་བསྐྲུན་ཆེད། ཉེ་ཆར། དར་མདོ་གྲོང་ཁྱེར་གྱིས་ཚད་མཐུན་གྱིས་བོད་སྐད་ཡིག་བཀོལ་སྤྱོད་བྱེད་པའི་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་ནན་ཏན་གྱིས་ལས་ཀ་དེར་བཀོད་སྒྲིག་ལེགས་པོ་བྱས། དུས་མཚུངས་སུ་ད་དུང་དར་མདོ་གྲོང་ཁྱེར་གྱི་བོད་སྐད་ཡིག་ཨུ་ཡོན་ལྷན་ཁང་བཙུགས་ནས《དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་བོད་སྐད་ཡིག་ཚད་ལྡན་གྱི་ཇུས་གཞི།》བཏོན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1