རང་ཞིང་གིས་སྨན་བཅོས་འགན་སྲུང་དབུལ་ཕོངས་མི་གྲངས་ཁྲི་625ལ་ཁེབས་པར་བྱས་པ།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-28


        གསར་འགོད་པས་ཞིང་ཆེན་སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ལྷན་ཁང་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། བདེ་ཐང་དབུལ་སྐྱོར་ལག་བསྟར་ཆེན་མོ་བྱས་པ་ནས་བཟུང་། མིག་སྔར། རང་རེའི་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་དེ་དབུལ་ཕོངས་ས་ཁུལ་གྱི་མི་གྲངས་ཁྲི་625ལ་ཡོངས་སུ་ཁེབས་པ་བྱས་ནས། དབུལ་ཕོངས་མི་གྲངས་ཁྲོད་ཀྱི་ནད་གཞི་ཚབས་ཆེན་ཕོག་པའི་ནད་པ་ཁྲི་39དང་6སྟོང་8བརྒྱ་ལ་གཅིག་བསྡུས་ཀྱིས་སྐྱོབ་བཅོས་བྱས་པ་དང་དུས་མཚུངས་སུ། དབུལ་ཕོངས་རྫོང་ཁག་88ཀྱི་རྫོང་རིམ་པའི་ཕྱོགས་བསྡུས་སྨན་ཁང་ཡོངས་རིམ་པ་གཉིས་པའི་ཆུ་ཚད་དུ་ཐོན་པར་བྱས་པ་མ་ཟད། རྒྱང་བསྟེན་སྨན་བཅོས་ཞབས་ཞུའང་ཡོངས་སུ་ཁེབས་པར་མངོན་འགྱུར་བྱས་པ་རེད།
        ནད་གཞི་ཕོག་པའི་རྐྱེན་གྱིས་དབུལ་པོར་གྱུར་བ་དང་། ནད་གཞི་ཕོག་པའི་རྐྱེན་གྱིས་ཡང་བསྐྱར་དབུལ་པོར་གྱུར་བའི་གནས་ཚུལ་མི་འབྱུང་བའི་ཆེད་དུ། ཞིང་ཆེན་སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་ཁང་གིས་དབུལ་ཕོངས་མང་ཚོགས་ལ་སྨན་བཅོས་རོགས་སྐྱོར་དང་། སྤྱི་བའི་འཕྲོད་བསྟེན་འགན་སྲུང་། སྨན་བཅོས་ནུས་པ་མཐོར་འདེགས། འཕྲོད་བསྟེན་འཇོན་མི་གསོ་སྦྱོང་། བུ་བཙའི་གོ་རིམ་བཅོས་སྒྲིག་བཅས་ཀྱི་བྱ་འགུལ་ཆེན་མོ་ལྔ་ཤུགས་ཆེན་སྤེལ་ནས། བདེ་ཐང་དབུལ་སྐྱོར་དེ་རྩ་བ་ནས་རོགས་སྐྱོར་བྱས་པ་དང་། དོན་དངོས་སུ་རོགས་སྐྱོར་བྱས། མིག་སྔར། རིན་མེད་བཅུ་དང་ཁ་གསབ་བཞིའི་སྲིད་ཇུས་ལག་བསྟར་བྱས་ནས།དབུལ་ཕོངས་མང་ཚོགས་ལ་རིགས་སོ་སོའི་འགྲོ་གྲོན་སྒོར་དུང་ཕྱུར་ལྔ་དང་བྱེ་བ་2ས་ཡ7འབུམ་4ཁྲི་2ལྷག་ཆག་ཡང་གཏོང་བ་དང་ཁ་གསབ་བྱས་ནས། དབུལ་ཕོངས་མི་གྲངས་ཁྲི་260ལྷག་ལ་རིན་པ་མི་དགོས་པར་གཟུགས་པོ་བརྟག་དཔྱད་བྱས། དབུལ་ཕོངས་རྫོང་ཁག་88ཀྱི་རྫོང་རིམ་པའི་ཕྱོགས་བསྡུས་སྨན་ཁང་ཡོངས་རིན་པ་གཉིས་པའི་ཆུ་ཚད་དུ་ཐོན་པ་མ་ཟད། ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་2478ཀྱི་ཁྲོད་དུ་སྨན་ཁང་2440ཡང་ཚད་ལོན་པ་བྱས། ད་ལོར། ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་ཁང་གིས་སྔ་གཞུག་ཏུ་ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་བདེ་ཐང་དབུལ་སྐྱོར་གྱི་འཆར་འགོད་དང་། སྔོན་ལ་སྨན་བཅོས་དང་རྗེས་ནས་སྨན་རིན་སྤྲོད་པ། ནད་གཞི་ཆེ་བའི་ཆེད་དོན་སྨན་བཅོས་བཅས་ཀྱི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་ནས་བཏོན་པ་དང་། དེའི་ནང་དབུལ་ཕོངས་མི་གྲངས་ལ་རིན་པ་མི་དགོས་པར་གཟིགས་པོ་བརྟག་དཔྱད་བྱ་རྒྱུ་དེ་དབུལ་བྲལ་འགག་སྒྲོལ་སྐབས་སུ་མ་མཐའ་འང་མི་རེར་བརྟག་དཔྱད་ཐེངས་གཅིག་བྱ་རྒྱུ་སྙོམ་སྒྲིག་བྱས་པ་དང་། དབུལ་པོའི་ཞྭ་མོ་ཕུད་པ་འཆར་གཞི་བཀོད་པའི་རྫོང་རིམ་པའི་སྨན་ཁང་དེ་རིམ་པ་གཉིས་པའི་ཆུ་ཚད་ཐོན་པའི་འཆར་གཞིའང་ལོ་ཧྲིལ་བོའི་དམིགས་འབེན་ནང་འཇོག་དགོས་པ་གསལ་བོ་བཏོན་ཡོད་པ་རེད།
        ཟླ་བ་དགུ་པའི་ཟླ་མཇུག་བར། 2017ལོའི་དབུལ་པོའི་ཞྭ་མོ་ཕུད་པ་འཆར་གཞི་བཀོད་པའི་རྫོང་རིམ་པའི་ཕྱོགས་བསྡུས་སྨན་ཁང་9ཀ་རིམ་པ་གཉིས་པའི་སྨན་ཁང་གི་ཚད་གཞི་ལོན་པས། ཚད་ལོན་ཚད་བརྒྱ་ཆའི་56དང་གྲངས་ཆུང་25ཟིན་པ་དང་། འཆར་གཞི་བཀོད་པའི་གྲོང་སྡེ་3700ཡི་ཚད་ལོན་ཚད་བརྒྱ་ཆའི་88དང་གྲངས་ཆུང་68ཟིན་པ། གྲོང་སྡེའི་སྨན་ཁང་ཚད་གཞི་ལོན་ཚད་བརྒྱ་ཆའི་92དང་གྲངས་ཆུང་4ཟིན་པ། རྫོང་ནང་ཁུལ་དུ་སྡོད་བཅོས་དང་གཅོང་ནད་སྒོ་བསྟེན་སྨན་བཅོས་བྱེད་པ་དེ་མི་སྒེར་གྱི་བཅོས་སྨན་འགྲོ་གྲོན་ཟིན་ཚད་དེ་རྒྱབ་ཆའི་བཅུའི་ནང་ཚོད་འཛིན་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1