ལིས་རྫོང་དུ་ཀུ་ཤུ་ཆུང་ཆུང་འདེབས་འཛུགས་བྱས་པ།

ཚེ་རྒྱམ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-30


   ལིས་རྫོང་ཐའོ་ཕིང་གྲོང་རྡལ་ཅ་ཧྲན་སྡེ་བའི་ཀུ་ཤུ་ཆུང་ཆུང་འདེབས་འཛུགས་བྱས་པའི་རྨང་གཞིའི་སྟེང་།  ཧུར་ཐག་སྒོས་དེང་རབས་ཀྱི་ཕྱིར་འཚོང་རྣམ་པ་མཉམ་འདྲེས་བྱས་ཏེ་ཕྱིར་འཚོང་དཀའ་བའི་གནད་དོན་ཐག་གཅོད་བྱས་ནས་ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད། 
   འདེབས་འཛུགས་བྱེད་སྟངས་ནི་རང་བྱུང་གི་རྣམ་པ་བེད་སྤྱད་ནས་ཀུ་ཤུ་སྐྱེས་རུ་བཅུག་པ་དང་།  ལྷད་མ་འདྲེས་པའི་རང་བྱུང་སིལ་ཏོག་ངོ་མ་ཡིན།  ཐའོ་ཕིང་  གྲོང་རྡལ་ཅ་ཧྲན་སྡེ་བ་ཆགས་གནས་སུ་ས་གཤིས་ཁོར་ཡུག་དང་ཆ་རྐྱེན་བཟང་བའི་རྐྱེན་གྱིས་ཀུ་ཤུ་སྐྱེས་ཚུལ་ལེགས་པ་དང་མངར་ཆ་ལྡན་པ།  འཚོ་བཅུད་ཕུན་སུམ་ཚོགས་པ་ལྡན་པ་རེད།  སྔོན་ཆད་ཀུ་ཤུ་ཚོང་རའི་ནང་ནས་ཕྱིར་འཚོང་བྱེད་རྒྱུ་གཙོར་བཟུང་ལ།  རིན་གུང་དམའ་བའི་དཔལ་འབྱོར་ཡོང་འབབ་དེ་འདྲ་བཟང་རྒྱུ་མེད། ཕྱིར་འཚོང་གི་གནད་དོན་ཐག་གཅོད་བྱེད་ཆེད།  ས་གནས་གྱི་རིམ་པ་ཁག་དང་སྲིད་གཞུང་གིས་རྒྱབ་སྐྱོར་འོག  ཅ་ཧྲན་སྡེ་བ་རྣམ་པ་གསར་བའི་ཞིང་སྡེ་འཛུགས་སྐྲུན་ བྱས་པ་དང་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་གཏོང་བའི་དུས་མཚུངས་སུ།  སྡེ་བ་ཡོངས་ཀྱི་ཀུ་ཤུ་དྲ་ཐོག་ནས་ཕྱིར་འཚོང་བྱེད་པའི་ལམ་བུ་གསར་སྐྲུན་པ་རེད། 
        རྒྱུས་ལོན་བྱས་པར་གཞིགས་ན།  སྔོན་རྩིས་ལྟར་ན་ད་ལོར་ཅ་ཧྲན་སྡེ་བའི་ཀུ་ཤུ་ཐོན་ཚད་རྒྱ་མ་ཁྲི་བརྒྱ་ལྷག་ཡིན་པ་དང་ཁྱིམ་ཚང་རེའི་ཡོང་འབབ་སྒོར་ཁྲི་ཉི་ཤུ་ལྷག་ལ་སླེབས་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1