གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༧ཚེས་༢༤ཉིན།

མ་ལེ་ཞི་ཡའི་འགྲུལ་སྐྱེལ་གནམ་གྲུའི་སྒམ་ཆུང་ནག་པོ་དབྱིན་ཇིར་འབྱོར་བ།

      

        དབྱིན་ཇིའི་མཁའ་ཐོག་རྐྱེན་ངན་བརྟག་ཞིབ་ཁྲུས་སྤྱི་ཚེས་23ཉིན་ར་སྤྲོད་བྱས་པར། མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་MH17གྱི་སྒམ་ཆུང་ནག་པོ་གཉིས་འབྱོར་ཟིན་པ་དང་།ཁྲུའུ་དེའི་རིག་གཅིག་མཁས་པས་སྒམ་ཆུང་ནག་པོའི་གྲངས་གཞིར་དབྱེ་ཞིབ་བྱ་རྒྱུ་ཡིན་པ་རེད།ཨུ་རུ་སུས་ཡང་བསྐྱར་ཨུ་ཁེ་ལན་གྱི་གདོང་ཐུག་ཕྱོགས་ཁག་གཉིས་ནས་འཕྲལ་དུ་དམག་མཚམས་བཞག་ནས་མ་ལེ་ཞི་ཡའི་འགྲུལ་སྐྱེལ་གནམ་གྲུའི་མཁའ་ཐོག་རྐྱེན་ངན་ལ་ཁྱོན་ཡོངས་ནས་བརྟག་དཔྱད་བྱ་རྒྱུ་འགན་ལེན་བྱེད་དགོས་པའི་རེ་འབོད་བྱས་ཡོད་པ་རེད།

       དེ་དང་དུས་མཚུངས་སུ་ཧོ་ལན་གྱི་མཁའ་དམག་སྐྱེལ་འདྲེན་གནམ་གྲུ་གཉིས་སྤྱི་ཚེས་23ཉིན་གྱི་ཉིན་དགུང་ཨུ་ཁེ་ལན་གྱི་ཧར་ཁེ་ཧྥུ་གནམ་གྲུ་ཐང་ནས་འཕུར་སྐྱོད་བྱས་ནས་རྐྱེན་ལམ་དུ་ཤོར་མཁན་40འི་ཕུང་པོ་ཧོ་ལན་ལ་དབོར་ཡོད་པ་རེད།འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས་སྤྱི་ཚེས་23ཉིན་མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུ་དང་ཞལ་པར་སྐྱོན་རེས་གནང་བ་དང་།ཕྱོགས་གཉིས་པོས་མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུའི་རྐྱེན་ངན་ཐད་མཉམ་ལས་དམ་ཟབ་བྱ་རྒྱུར་མོས་མཐུན་བྱུང་བ་མ་ཟད་ཆབ་ཅིག་ཨུ་རུ་སུས་བྱ་ཐབས་མང་པོ་བཟུང་ནས།གནམ་གྲུ་ལྷུང་སའི་ས་གནས་དངོས་ཚོད་འཛིན་བྱེད་མཁན་ཨུ་ཁེ་ལན་ཤར་རྒྱུད་དམངས་ཁྲོད་དྲག་ཆས་ལ་ཤུགས་རྐྱེན་བཟོ་དགོས་དགོས་པའི་རེ་འབོད་བྱས་ཡོད་པ་རེད།ཧོ་ལན་གྱིས་སྤྱི་ཚེས་23ཉིན་དེ་རྒྱལ་ཁབ་ཀྱི་མྱ་ངན་ཞུ་བའི་ཉིན་མོར་གཏན་འཁེལ་བྱས་པ་དང་།ས་གནས་ཁག་གིས་མ་ལེ་ཞི་ཡའི་འགྲུལ་སྐྱེལ་གནམ་གྲུའི་རྐྱེན་ངན་ནང་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1