དཀར་མཛེས་ཁུལ་གྱི་གྲོང་གསར་འཛུགས་སྐྲུན་ལ་ཡིད་རྟོན་མཉམ་འབྲེལ་དངུལ་ཁང་གིས་རྒྱབ་སྐྱོར་བྱས།

སྒྲོལ་མ་ཚེ་བརྟན། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 07-25


          དཀར་མཛེས་ཁུལ་གྱི་རིམ་པ་ཁག་གི་ཡིད་རྟོན་མཉམ་འབྲེལ་དངུལ་ཁང་གིས་དངུལ་བུན་གཏོང་རྒྱུའི་གྲངས་ཚད་མཐོར་སྤར་བྱས་ནས་བདེ་སྐྱིད་མཛེས་སྡུག་ལྡན་པའི་གྲོང་སྡེ་གསར་པའི་བསྐྲུན་པར་རྒྱབ་སྐྱོར་བྱས་པ་རེད།

         མིག་སྔའི་བར་དུ་སླེབས་སྐབས།   བདེ་སྐྱིད་མཛེས་སྡུག་ལྡན་པའི་གྲོང་སྡེ་གསར་པ་འཛུགས་སྐྲུན་བྱེད་བཞིན་པའི་ཞིང་འབྲོག་པ་དུད་ཚང་13ལ་དངུལ་བུན་ཁྲི་47བཏང་བ་རེད།   དཀར་མཛེས་ཁུལ་གྱི་རིམ་པ་ཁག་གི་ཡིད་རྟོན་མཉམ་འབྲེལ་དངུལ་ཁང་གིས་ལས་སྒྲུབ་མི་སྣ་སྒྲིག་འཛུགས་བྱས་ནས་བདེ་སྐྱིད་མཛེས་སྡུག་ལྡན་པའི་གྲོང་སྡེ་གསར་པ་འཛུགས་སྐྲུན་བྱེད་པའི་ཞིང་འབྲོག་པའི་དུད་ཚང་དུ་ཕྱིན་ནས་གྲངས་ཆུང་ཡིད་རྟོན་དངུལ་བུན་གྱི་ཡིད་ཆེས་རིམ་པའི་གདེང་འཇོག་ལས་ཀ་སྤེལ་ཏེ་ཞིང་སྡེའི་ཁྱད་ཆོས་དང་ས་ཁོངས་ཀྱི་ཡུལ་བབ།  མི་རིགས་དང་དམངས་སྲོལ་གྱི་ཁྱད་ཆོས།  གྲོང་སྡེ་གསར་པའི་ཞིང་འབྲོག་པའི་ཀུན་སྤྱོད། ཐོན་སྐྱེད་བདག་གཉེར་གྱི་མདུན་ལམ།   དེང་སྐབས་ཀྱི་བདག་གཉེར་གནས་ཚུལ་སོགས་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་གཙོ་གནད་རྒྱབ་སྐྱོར་བྱ་རྒྱུའི་དུད་ཚང་བསྡུར་འདེམས་བྱས་ཤིང་།     དངུལ་བུན་གཏོང་ཚད་སྒོར་ཁྲི་8ཐོག་སྤར་ནས་ཞིང་འབྲོག་དུད་ཚང་ལ་ལྗོངས་སྐོར་སྤྲོ་གསེང་ཞིང་ལས་དང་སྐྱེ་ཁམས་ཞིང་ར།  ཁྱིམ་ཚང་ཞིང་ར། ས་གནས་ཀྱི་ཡུལ་ཐོན་ཁྱད་རྫས་སོགས་སྐྱེ་ཁམས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1