༄༅།། ཅི་ཞིག་ལ་ཁྲམ་པའི་ནག་ཉེས་ཟེར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་ཉིན་ཚགས། སྤེལ་དུས། 12-07


         རང་རྒྱལ་ཉེས་ཁྲིམས་ཀྱི་དོན་ཚན་160ཡི་ནང་གཏན་འཁེལ་བྱས་པ་ལྟར་ན། ཁྲམ་པའི་ནག་ཉེས་ཞེས་པ་ནི་རྒྱལ་ཁབ་ཀྱི་ཁྲིམས་སྲོལ་དང་། སྒྲིག་ལམ། ཐུན་མོང་གི་ཀུན་སྤྱོད་སོགས་ལ་མཐོང་ཆུང་དང་། མི་ཚོགས་དཔུང་སྡེབ་ཀྱིས་རྒྱག་རེས་རྒྱག་པ། བསྙད་བརྐོ་འཁྲུག་རྐྱེན་སློང་བ། བུད་མེད་ལ་བརྙས་བཅོས་བྱེད་པའམ་ཡང་ན་ཁྲམ་པའི་བྱེད་སྤྱོད་ནང་ཞུགས་ཏེ་སྤྱིའི་སྒྲིག་བཀོད་དང་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་ནག་ཉེས་ཚབས་ཆེན་རིགས་ལ་ཟེར་ཞིང་། རང་རྒྱལ་ཉེས་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། ཁྲམ་པའི་ནག་ཉེས་གསོག་མཁན་ལ་ལོ་བདུན་མན་གྱི་དུས་བཀག་བཙོན་འཇུག་དང་དུས་ཐུང་ལས་བསྐུལ་བཙོན་འཇུག་གི་ཁྲིམས་ཆད་གཅོད་རྒྱུ་དང་། ཁྲམ་པའི་ཚོགས་ཁག་གི་ཉེས་ཅན་གཏེ་པོར་ལོ་བདུན་ཡན་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་གཅོད་བྱེད་ཀྱི་ཡོད་པ་རེད། 
        རྒྱལ་ཡོངས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《སྤྱི་ཚོགས་བདེ་འཇཌ་ལ་གནོད་པ་ཚབས་ཆེན་བཏང་བའི་ཉེས་ཅན་ལ་ཆད་པ་དྲག་པོ་གཅོད་རྒྱུའི་སྐོར་གྱི་ཆོད་དོན》གྱིས་ཉེས་ཁྲིམས་ལ་ཁ་གསབ་བཟོ་བཅོས་བརྒྱབ་པ་ནི། ཁྲམ་པའི་ནག་ཉེས་ཚོགས་ཁག་གི་ཉེས་ཅན་གཏེ་པོའམ་ཁྲམ་པའི་བྱེད་སྤྱོད་ལ་ཞུགས་མཁན་གྱིས་ནག་ཉེས་ཚབས་ཆེན་བསགས་ཡོད་ན། ཉེས་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ཁྲིམས་ཚད་ལྕི་ཤོས་ཡན་གྱི་ཁྲིམས་ཆད་དམ། ཡང་ན་སྲོག་ཆད་ལག་བསྟར་བྱེད་ཆོག།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1