ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་གཅེས་སེམས་གསུམ་གཞི་རིམ་དུ་བསྐྱལ།

སྒྲོལ་མ་ཚེ་བརྟན། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-25


         སྤྱི་ཟླ་བ་7པའི་ཚེས་5ཉིན། སི་ཁྲོན་མི་རིགས་སློབ་གླིང་གི་དཔལ་འབྱོར་དོ་དམ་ཚན་ཁག་གིས་གཅེས་སེམས་གསུམ་གཞི་རིམ་དུ་སྐྱེལ་བའི་སྤྱི་ཚོགས་ལག་ལེན་ཞབས་ཞུ་རུ་ཁག་ཅ་ཅུན་ཤང་ཧྥང་པིའེ་ཧོའེ་གྲོང་སྡེ་རུ་སོང་སྟེ། དུས་ཡུན་ཉིན་15ཡི་རིང་ལ་གཞི་རིམ་དུ་གཅེས་སེམས་གསུམ་སྐྱེལ་བའི་སྤྱི་ཚོགས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད། 
        ཐེངས་འདིར་གཞི་རིམ་དུ་གཅེས་སེམས་གསུམ་སྐྱེལ་བའི་བྱེད་སྒོ་དེས་སློབ་གྲྭ་ཆུང་འབྲིང་གི་སློབ་མར་སློབ་ཚན་གསབ་ཁྲིད་བྱས་པ་དང་རིག་རྩལ་འཁྲབ་སྟོན་སྒྲིག་པ་སོགས་ཀྱི་བྱེད་སྒོ་བརྒྱུད་ནས་རྒྱ་ཆེ་བའི་སློབ་མ་རྣམས་སྤྱི་ཚོགས་དང་ལག་ལེན་དངོས་སུ་ཞུགས་པ། སློབ་གསེང་གི་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ་བཅས་ལ་སྣེ་ཁྲིད་བྱས་ནས་སློབ་ཆེན་སློབ་མས་སྤྱི་ཚོགས་ལ་རྒྱུས་ལོན་པ་དང་སྤྱི་ཚོགས་དང་འཚམ་པ།     སྤྱི་ཚོགས་ལ་བྱས་རྗེས་འཇོག་པའི་འཇོན་ནུས་ཇེ་དྲག་ཏུ་བཏང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1