གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༢ཚེས་༡༡ཉིན།

ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཁྲེང་ཏུའུ་རུ་ཚོགས།

        གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན།  2017ལོའི་ཟླ་12པའི་ཚེས་7ནས་ཚེས་8ཉིན་གྱི་བར། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཁྲེང་ཏུའུ་རུ་ཚོགས།

        ཞིང་ཆེན་ཏང་ཨུའི་ཨུ་ཡོན་84དང་ཞིང་ཆེན་ཏང་ཨུའི་རྗེས་སྣོན་ཨུ་ཡོན་17གྲོས་ཚོགས་སུ་ཞུགས་པར་མ་ཟད། ཞིང་ཆེན་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་ཐེངས་འདིའི་གྲོས་ཚོགས་སུ་ཞུགས། ཞིང་ཆེན་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མིའི་ཚོགས་ཆེན་ཁྲོད་ཀྱི་གཞི་རིམ་བློ་མཐུན་ཁ་ཤས་ཀྱང་གྲོས་ཚོགས་སུ་ཞུགས།

        ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་མཛད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་། 

        ཚང་འཛོམས་གྲོས་ཚོགས་ཐོག་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཏིང་ཟབ་པའི་སྒོས་ནས་ལག་བསྟར་དོན་འཁྱོལ་དང་། ཞི་ཅིན་ཕིང་གི་དུས་རབས་སྐབས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས། གྲོས་ཚོགས་ཐོག་《ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཏིང་ཟབ་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ།  སི་ཁྲོན་བཅོས་སྐྱོང་དང་འཕེལ་རྒྱས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་དང་མཛེས་སྡུག་འབྱོར་ཕྱུག་ལྡན་པའི་འཆམ་མཐུན་སི་ཁྲོན་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ཐག་གཅོད།》 དང་《ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚན་རིག་དང་མཐུན་པའི་སྒོ་ནས་གཟི་ཚ་སྡེ་དགུའི་ས་ཡོམ་གནོད་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་བསྐྱར་བསྐྲུན་ལ་སྐུལ་འདེད་དང་།  མགྱོགས་མྱུར་སྒོས་མཛེས་སྡུག་ལྡན་པའི་གཟི་ཚ་སྡེ་དགུ་འཛུགས་སྐྲུན་བྱེད་པའི་སྒོར་གྱི་ཐག་གཅོད།》 ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།།

     ཚང་འཛོམས་གྲོས་ཚོགས་ཐོག་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཚུན་གྱི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀར་ཁས་ལེན་གནང་། གྲོས་ཚོགས་ཐོག ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཅི་ཞིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སི་ཁྲོན་གྱི་ལས་ཀ་གཅིག་འདོམས་དང་། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་བསུ་མ་བྱེད་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞིང་ཆེན་གྱི་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་བཀོད་སྒྲིག་གི་བརྗོད་སྙིང་དམིགས་སུ་འཛིན་པ། ཁྱོན་ཡོངས་ལ་གཅིག་འདོམས་དང་ཕྱོགས་སོ་སོའི་འགོ་ཁྲིད་སྲོག་ཤིང་གི་བྱེད་ནུས་ལ་མཐུན་སྦྱོར་ལེགས་པོ་བྱེད་པ། རིམ་པ་གཅིག་གིས་རིམ་པ་གཅིག་སྣེ་ཁྲིད་དེ་ལས་ལ་བརྩོན་པ་དང་གཅིག་རྗེས་གཉིས་མཐུད་ཀྱིས་གཡུལ་འཐབ་བཤམས་པ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཐམས་ཅད་སྣེ་ཁྲིད་དེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ། ཡང་བསྐྱར་མདུན་བསྐྱོད་དང་ཡང་བསྐྱར་ལམ་ལ་ཞུགས་པ། དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱས་སུ་ཕྱིན་པར་སྲ་བརྟན་དུ་བཏང་ནས་རྒྱུན་མཐུད་ངང་ཤུགས་ཆེན་པོས་བྱེད་ཐབས་བསྒྱུར་བཀོད་དང་སྒྲིག་གཞི་སྙོམས་སྒྲིག སྔར་ལས་ཤུགས་ཆེན་པོས་བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད། གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་སྒྲོལ་གྱི་འགག་སྒྲོལ་གཏོར་ནས་རྒྱུན་ཆད་མེད་པར་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་སུ་གཏང་དགོས་པར་མ་ཟད། སྐྱེས་ཁམས་སྔོན་དུ་སྐྱོང་བའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་སྟོབས་ཤུགས་ཆེར་བསྐྱེད་ཀྱིས་རང་བྱུང་གནོད་འཚེ་ཆེན་པོར་འགོག་རྒོལ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་སྐུལ་འདེད་དང་དགེ་མཚན་ལྡན་པར་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས། ཤུགས་ཆེན་པོས་བསམ་བློ་རིག་གནས་ལས་ཀའི་དྲིལ་བསྒྲགས་ལ་ཤུགས་སྣོན། ཁྱོན་ཡོངས་ནས་ནན་གྱིས་ཏང་སྐྱོང་བར་སྐུལ་འདེད་བཏང་ནས་དུས་རབས་གསར་པར་བསྐྱོད་པ་དང་རྒྱང་སྐྱོད་གསར་པའི་འགོ་བརྩམ་པར་རྨང་གཞི་བརྟན་པོ་གདིང་དགོས་ཞེས་བསྟན། 
        ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པ་ནི་མིག་སྔར་དང་མ་འོངས་པའི་དུས་རིམ་གྱི་ཞིང་ཆེན་ཡོངས་ཀྱི་ཐོག་མའི་ཆབ་སྲིད་འོས་འགན་ཡིན་པས་ངེས་པར་དུ་ཤེས་སྤྱོད་ཟུང་འབྲེལ་དང་སྦྱངས་པར་འབྲས་བུ་ཐོབ་པ་རྒྱུན་འཁྱོངས་བྱ་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཁྱོན་ཡོངས་ནས་ཡང་དག་པར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ་ཚོགས་ཆེན་བཅུ་དགུ་པའི་ཆབ་སྲིད་དོན་སྙིང་དང་ལོ་རྒྱུས་དོན་སྙིང་། གཞུང་ལུགས་དོན་སྙིང་། ལག་ལེན་དོན་སྙིང་ཆེན་པོ་བཅས་ལ་ངོས་འཛིན་ཐོབ་དགོས་པར་མ་ཟད། གཏིང་ཟབ་པའི་སྒོ་ནས་ཚོགས་ཆེན་བཅུ་དགུ་པའི་བསམ་བློའི་ཉིང་འདུས་དང་དཀྱིལ་སྙིང་བརྗོད་དོན་ལ་གོ་བ་བླངས་ནས། སློབ་སྦྱོང་དང་དོན་སྙིང་ཁོང་དུ་ཆུད་པའི་སྟེང་ལ་ཤུགས་བརྒྱབ་ནས་དོན་དངོས་དང་མཐུན་པར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དེ་དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གྱི་ལས་དོན་སོ་སོའི་འཕེལ་རྒྱས་སྟེང་ལག་བསྟར་བྱ་དགོས་ཞེས་བསྟན། 
        ཚང་འཛོམས་གྲོས་ཚོགས་ཐོག་དབུལ་སེལ་འགག་སྒྲོལ་གྱི་དོན་ཆེན་ལེགས་པར་བསྒྲུབ་པ་དང་“མེ་ཏོག་གཙག་དྲུབ”བྱེད་པ་ལྟར་འབད་པ་ཆེན་པོས་གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་སྒྲོལ་ལ་ཤུགས་རྒྱག་དགོས། “སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ”དང་“ལེགས་པོ་བཞི”ཡི་དམིགས་འབེན་དང་། “ཡུག་ཁུལ་ཆེན་པོ་བཞི”དང་ལྷག་པར་བོད་ཁུལ་དང་དབྱི་ཁུལ། གཏིང་ཟབ་པའི་དབུལ་ཕོངས་རྫོང་དང་དབུལ་སྒྲོལ་བྱ་ཡུལ། གཙོ་གནད་འོས་འགན་བཅས་ལ་དམིགས་ནས་གཅིག་བསྡུས་སྒོས་འགག་སྒྲོག་བྱ་དགོས། གོམ་གམ་མདུན་སྤོས་སྒོས་བོད་ཁུལ་དང་དབྱི་ཁུལ་གྱི་རོགས་སྐྱོར་སྟོབས་ཤུགས་གོང་འཕེལ་དུ་བཏང་ནས་གཏིང་ཟབ་པའི་སྒོ་ནས་དབུལ་ཕོངས་རྫོང་སོ་སོར་ཞིང་ཆེན་རིམ་པའི་འགོ་ཁྲིད་དང་ཞིང་ཆེན་ཐད་གཏོགས་སྡེ་ཁག(ལས་ཁུངས།) སློབ་རིམ་སློབ་གྲྭ། སྨན་ཁང་། ཁེ་ལས། ཞིང་ཆེན་ནང་ཁུལ་གྱི་དཔལ་འབྱོར་ཅུང་འཕེལ་རྒྱས་མགྱོགས་པའི་གྲོང་ཁྱེར་དང་རྫོང་དང་ཆ་འགྲིག་རོགས་སྐྱོར་ཡོད་པ་ཁག་ཐེག་བྱ་དགོས། གཏིང་ཟབ་པའི་དབུལ་ཕོངས་ས་ཁུལ་གྱི་འཇོན་མིའི་དམིགས་གཏད་གསོ་སྐྱོང་དང་། འཇོན་མིའི་ལས་ཐོག་ཟབ་སྦྱོང་། འཇོན་མིའི་ལས་བསྡུ་གདན་ཞུ། འཇོན་མིའི་རོགས་སྐྱོར། འཇོན་མིའི་གཏན་འཇགས་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ནས་གཞི་རྒྱ་ཆེ་ཞིང་ས་གནས་ནས་གཏན་སྡོད་བྱེད་པ་དང་།  གཡུལ་འཐབ་ལ་ཞུགས་ཐུབ་པ། གཞན་གྱིས་ཁྲིད་མི་ཐུབ་པའི་འཇོན་མིའི་རུ་ཁག་ཅིག་འཛུགས་དགོས་པ་དང་། དབུལ་སྐྱོར་དང་བློ་སྐྱོར། རིག་སྐྱོར་བཅས་མཉམ་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་“ལེགས་པོ་བཞི་ལྡན་གྱི་སྡེ་བ”གསར་དུ་གཏོད་ནས་སྔར་ལས་ལེགས་པོའི་སྒོ་ནས་ཞིང་བའི་མཚན་མོའི་སློབ་གྲྭའི་ནུས་པ་འདོན་སྤེལ་བྱེད་པ་དང་། དབུལ་ཕོངས་དམངས་ཚོགས་ཀྱིས་རང་གི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པར་སྣེ་ཁྲིད་བྱ་དགོས་ཞེས་བསྟན།། 



39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1