ད་ལོའི་དྲན་པ།

ཐོ་ཡོར། (དཀར་མཛེས་ཁུལ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-15


འཆར་སྒོ་འགག་ཟིན་པའི་མི་ཞིག་གིས།
དུས་ཚོད་ཀྱི་གདུག་རྩུབ་མཚོན་བྱེད་དུ།
ལན་རེར་ཀི་རིང་རེ་འདེབས་པར་བྱེད།
འོན་པ་ལས་ཀྱང་ཐབས་སྐྱོ་བོ་རེད།
ཐག་རིང་ལ་ལོག་འདོད་ཀྱི་འདུན་པའི་ཕྱིར་ཏུ།
སེམས་དང་སེམས་བྱུང་གི་གསང་བའི་སྒོ་ཡང་།
ལྷིང་འཇགས་ཀྱིས་བསྡམས་ཟིན་པ་ཚོར་མི་འདུག
དངོས་པོ་མཐའ་དག་གིས་བཀང་བའི་དྲན་པ།
ཉིན་མཚན་གྱི་གོ་རིམ་མང་བོ་བརྒྱུད་རྗེས།
བར་སྣང་གི་འཛོམས་ཆད་དེས་དུམ་བུར་དུམ་བུར་བགོས།
དྲན་པ་སྔར་གྱི་ཁ་མལ་ན་མི་འདུག
སྙིང་ཉེ་བ་སུ་ཞིག་སྐྱོ་གདུང་གི་མེ་སྒོང་མཐའ་རུ་སླེབས་པས་ཡིན་ནམ།
མཐོང་མི་གཏུབ་པའི་དྲན་པ།
རླུང་གིས་འུར་ཟིང་མཐའ་དག་འཇོམས་རྗེས།
རླུང་དང་དྲན་པ་གཉིས་སོ་སོར་དབྱེ་འབྱེད་མི་ནུས་ཀྱང་།
མི་གཏན་དུ་གནས་དེ་ཀར་ཡོད།
སྔོན་མར་སོང་མྱོང་བའི་སྤྱི་གླིང་དེ་རུ་མཚན་མོ་སྐྱེལ་བཞིན་ཡོད།


རྩོམ་ཡིག་སྔོན་མ།
མདང་ནུབ་ཀྱི་ཁ་བ། (གཞན་གཉིས)
རྩོམ་ཡིག་རྗེས་མ།
སྡུག་བསྔལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1