མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་ཉེར་གསུམ་པའི་ཟི་ལིང་ནས་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-29


       སྤྱི་ཟླ་7པའི་ཚེས་22ཉིན། ཀྲུང་ཧྭ་རྒྱལ་ཡོངས་ཐའེ་ཝན་སྤུན་ཟླ་མཉམ་འབྲེལ་ཚོགས་པ་དང་རྒྱལ་ཡོངས་ཐའེ་ཝན་ཞིབ་འཇུག་ཚོགས་པ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཐའེ་ཝན་ཞིབ་འཇུག་ཁང་བཅས་ཀྱི་མཉམ་དུ་སྒྲུབ་པའི་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་ཉེར་གསུམ་པའི་དེ་ཟི་ལིང་དུ་བསྡུས།
        རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བར་ཞིབ་འཇུག་བྱེད་པའི་ཆེད་མཁས་པ་བརྒྱ་ལྷག་མཉམ་དུ་འཛོམས་ནས་དུས་ཡུན་ཉིན་གཅིག་དང་ཕྱེད་ཀའི་རིང་འགྲམ་གཉིས་ཀྱི་ཕན་ཚུན་ཡིད་རྟོན་དང་འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། འགྲམ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པ་སོགས་ཀྱི་གནད་དོན་ཐད་ནས་རིག་གཞུང་བགྲོ་གླེང་བྱས།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན། རྒྱལ་ཡོངས་ཐའེ་ཝན་ཞིབ་འཇུག་ཚོགས་པའི་ལག་བསྟར་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོ་ཀྲོའུ་ཀྲི་ཧོའེ་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་གཏམ་བཤད། ཐེངས་འདིའི་བགྲོ་གླེང་ཚོགས་འདུས་ཕྱོགས་ཡོངས་ནས་ཕན་ཚུན་ཡིད་རྟོན་ཇེ་ཆེ་དང་ཞི་བདེའི་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ་བརྗོད་དོན་དུ་བཟུང་ནས་འགྲམ་གཉིས་ཀྱི་མཉམ་ལས་མཉམ་ཕན་གྱི་ཇུས་གཞིར་འཆར་འགོད་བྱས།
      སུའུ་ཉིན་གྱིས་གཏམ་བཤད་ཁྲོད་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་བགྲོ་གླེང་ཚོགས་འདུ་བསྡུས་པར་རྟེན་འབྲེལ་ཞུས།   ཁོ་མོས་བཤད་རྒྱུར། མཚོ་འགག་འགྲམ་གཉིས་ནི་འབྱུང་ཡུལ་དང་རིགས་རྒྱུད་གཅིག་པའི་གཉེན་ཉེ་ཡིན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱི་ལས་དོན་སོ་སོ་དར་རྒྱས་དང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་མངོན་ཞིང་། འདི་ནི་སྤུན་ཟླ་སོ་སོའི་བློ་རིག་དང་རྔུལ་ཆུ་གཅིག་ཏུ་འདྲེས་པའི་གྲུབ་འབྲས་ཡིན།
       ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་མཚོ་སྔོན་ལ་མཚོན་ན་ཐུན་མོང་གི་འདུ་ཤེས་དང་བརྩེ་འདང་། ཡིད་རྟོན་ཇེ་ཆེར་གཏོང་བའི་གོ་སྐབས་བཟང་པོ་ཞིག་ཡིན་ལ། མཉམ་ལས་བརྗེ་རེས་དང་ཐུན་མོང་འཕེལ་རྒྱས། ཐུན་མོང་སློབ་སྦྱོང་བྱེད་པའི་གོ་སྐབས་ལེགས་པོ་ཞིག་ཀྱང་ཡིན་པས། ཆེད་མཁས་པ་དག་གིས་རབ་མཛེས་མཚོ་སྔོན་གྱི་རི་ཆུའི་རྔམ་བརྗིད་དང་སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས། འོད་སྟོང་ལྡན་པའི་རིག་གནས། མི་རིགས་མཐུན་སྒྲིལ་བཅས་ཀྱི་མཛེས་པར་རོལ་མྱོང་བྱས་ཏེ། མཚོ་སྔོན་འཕེལ་རྒྱས་ལ་བསམ་འཆར་དང་གྲོས་གཞི་མང་པོ་འདོན་པའི་རེ་བ་བཏོན།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1