ཁྲེང་ཏུའུ་ནས་ཞི་ཨན་བར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་ད། སྤེལ་དུས། 12-19



       
    ཉེ་ལམ། རང་རྒྱལ་གྱི་ཆིན་ལིན་རི་རྒྱུད་བརྒྱུད་པའི་ཞི་ཨན་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་བྱེད་རན་ཡོད་པ་རེད། ཞི་ཨན་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ནི་ཞི་ཨན་གྱི་མེ་འཁོར་ས་ཚུགས་བྱང་མ་ནས་འགོ་བཙུགས་ཏེ་ཀོན་ཀྲུང་ཀླུང་ཐང་དང་། ཆིན་ལིན་རི་རྒྱུུད། ཧན་ཀྲུང་ཀླུང་ཐང་། པ་ཧྲན་རི་རྒྱུད་བཅས་བྱང་ནས་ལྷོ་རུ་བརྒྱུད་དེ་སི་ཁྲོན་གྱི་གཞོང་དབྱིབས་ས་ཁུལ་དུ་འཇུག་མཐར། ཁྲེང་ཏུའུ་ནས་མན་དབྱང་དང་ལུའོ་ཧྲན་བཅས་གྲོང་ཁྱེར་སྦྲེལ་པའི་ལྕགས་ལམ་དང་མཐུད་འདྲེས་བྱས་ཏེ་ཁྲེང་ཏུའུ་ཡི་མེ་འཁོར་བབས་ཚུགས་ཤར་མ་ལ་མཐུད་པ་རེད། ཞི་ཨན་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་བསྐྲུན་རྗེས་མྱུར་བགྲོད་ལྕགས་ལམ་བརྒྱུད་ཡུལ་གྱི་གྲོང་རྡལ་དང་གྲོང་གསེབ་སྦྲེལ་ནས་ནུབ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་རོགས་བྱེད་ཐུབ་པ་རེད།།
    


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1