ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་ལས་གོང་འཕེལ་མགྱོགས་པོ་འགྲོ་བཞིན་ཡོད་པ་དང་སྦག་བཙོག་བཅོས་སྐྱོང་གིས་འབྱུང་འགྱུར་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-29


        ལོ་སྟོད་དུ་རྒྱལ་ཁབ་ནས་མུ་མཐུད་སྲིད་ཇུས་མང་པོ་བཏོན་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་ལས་གོང་འཕེལ་ལ་རྒྱབ་སྐྱོར་བྱ་རྒྱུ་དང་།སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཞབས་ཞུ་ཉོ་སྒྲུབ་བྱ་རྒྱུ་ཡིན་པས་ཁེ་ལས་ལ་གསོན་ཤུགས་ཀྱིས་ཁེངས་ཡོད།གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་ཟུར་གསལ་བྱས་པར།མིག་སྔར་ཁོར་ཡུག་སྲུང་སྐྱོབ་ཐོན་ལས་ཀྱི་ཕྱོགས་གསུམ་པས་ཞབས་ཞུ་སོགས་ཀྱི་སྲིད་ཇུས་ལ་བཟོ་བཅོས་བྱེད་བཞིན་ཡོད་པ་དང་།ལོ་འདིའི་ནང་སྲིད་ཇུས་འདོན་ཐུབ་བཟོ་ཡོད་པ་རེད།མིག་སྔར་ཁོར་ཡུག་སྲུང་སྐྱོབ་པུས་སྲིད་གཞུང་གིས་ཁོར་ཡུག་གི་སྤྱི་པའི་ཞབས་ཞུ་ཉོ་སྒྲུབ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་འཆར་ཟིན་འགོད་བཞིན་ཡོད་པ་དང་།དེ་དང་དུས་མཚུངས་རྒྱལ་ཁབ་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་ཀྱང་འབྲེལ་ཡོད་ཕྱོགས་གསུམ་པོས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་ལས་སྲིད་ཇུས་སྐོར་གྱི་བཟོ་བཅོས་གང་མགྱོགས་བཟོ་བཞིན་ཡོད་ཅེས་བསྟན་ཡོད།གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཁོར་ཡུག་ཐོན་ཁུངས་སིའི་སི་ཀྲང་གཞོན་པ་མ་རོང་གིས་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་ཁོར་ཡུག་སྲུང་སྐྱོབ་ཞབས་ཞུའི་ལས་སྒོ་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ་དང་།མ་འཇོག་དང་མ་རྩ་བསྡུ་རུབ་དང་།ལས་གཞིའི་ཇུས་འགོད།སྐྱེལ་འདྲེན་དོ་དམ།ཤེས་ལྡན་མི་སྣའི་གསོ་སྦྱོང་བཅས་ཀྱིས་གཙོ་བོ་བྱས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་ལས་ཞབས་ཞུའི་མ་ལག་འཛུགས་རྒྱུ།ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་ལས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་།སྒྱུར་བཅོས་ཀྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་རྒྱུ།ནོར་སྲིད་སྒོ་ཁྲལ་དང་།དངུལ་རྩ།མ་འཇོག་སོགས་འབྲེལ་ཡོད་སྲིད་ཇུས་རྒྱབ་སྐྱོར་འཐུས་སྒོ་ཚང་དུ་གཏོང་རྒྱུ།ཁག་དང་པོའི་སྒྱུར་བཅོས་བྱ་ཐབས་ཁག་ད་ལོའི་ནང་ཁྱབ་བསྒྲགས་བྱ་རྒྱུ་རེད་ཅེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1