2017ལོར་གསར་གཏོད་ཆེན་པོ་གསར་པ་བཞིས་འཚོ་བར་འགྱུར་ལྡོག་བཏང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-20


        འདི་ལོའི་ལོ་དཀྱིལ་དུ"རྒྱུད་གཅིག་ལམ་གཅིག"བརྒྱུད་ཀྱི་རྒྱལ་ཁབ་20ཡི་ན་གཞོན་གྱིས་བདམས་པའི་ཀྲུང་གོའི"གསར་གཏོད་ཆེན་པོ་གསར་པ་བཞི"སྟེ་མྱུར་བགྲོད་མེ་འཁོར་དང་དྲ་ཐོག་ཉོ་སྒྲུབ། དངུལ་སྤྲོད་ནོར་བུ། རྐང་འཁོར་མཉམ་སྤྱོད་བཅས་བཞི་ཡིན་པ་དང་འདི་དག་ནི་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཕྱི་རྒྱལ་གྱི་སློབ་མ་ཚོའི་མིག་ལམ་དུ། ཀྲུང་གོའི་ཆེས་སྟབས་བདེའི་འཚོ་བ་སྐྱེལ་སྟངས"གསར་གཏོད་ཆེན་པོ་གསར་པ་བཞི་པོ"ཡིས་ཁོ་ཚོའི་འཚོ་བར་ཤུགས་རྐྱེན་ཐེབས་ཟིན། མྱུར་བགྲོད་མེ་འཁོར་གྱིས་ཀྲུང་གོའི་མྱུར་ཚད་མཚོན་ནས་གྲོང་ཁྱེར་གྱི་བར་ཐག་ཉེ་དུ་བཏང་ཡོད། དྲ་ཐོག་ཉོ་སྒྲུབ་ཀྱི་སྤུད་ལེགས་ཚོང་རྫས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་འཛད་སྤྱོད་པའི་ཕྱག་ཏུ་འཕུལ་ཐུབ། དངུལ་སྤྲོད་ནོར་བུས་དངུལ་ཁུག་སོགས་ཁྱེར་མི་དགོས་པར་འཛད་སྤྱོད་པར་སྟབས་བདེ་བསྐྲུན་ཡོད། རྐང་འཁོར་མཉམ་སྤྱོད་ཀྱིས་གྲོང་ཁྱེར་ནང་འགྲིམ་འགྲུལ་འགག་པའི་དཀའ་ངལ་སེལ་བར་ཕན་ཐོགས་ཡོད། "གསར་གཏོད་ཆེན་པོ་གསར་པ་བཞི"ལས་ཀྲུང་གོའི་ཚན་རྩལ་གསར་གཏོད་མཚོན་ཡོད་ལ། དེས་ཀྲུང་གོའི་མི་རྣམས་ཀྱི་འཚོ་བར་འགྱུར་ལྡོག་བཏང་བ་ཙམ་མ་ཟད། ད་དུང་འཛམ་གླིང་ཡུལ་གྲུ་གཞན་པར་ཀྲུང་གོར་ལྟ་ཚུལ་གསར་པ་གཏོད་ཡོད་ལ། ཀྲུང་གོའི་གསར་གཏོད་ཀྱི་མ་དཔེས་གསོན་ཉམས་ལྡན་པའི་ངང་ནས་འཛམ་གླིང་ཡུལ་གྲུ་གཞན་གྱི་བློ་སྒོ་ཕྱེ་ཡོད།།


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1