༄༅།། ཆུ་ཤིང་།

ལྷ་རྩེའི་ཁུ་བྱུག རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སྐད་འཕྲིན། སྤེལ་དུས། 12-20


 
        སྤྱོད་འཇུག་ནང་དུ་བྱང་ཆུབ་སེམས་ཀྱིས་རྩིས་མ་ཟིན་པ་དགེ་བ་ཉམ་ཆུང་དག་ནི་ཆུ་ཤིང་བཞིན་དུ་འབྲས་བུ་ལན་གཅིག་ལས་མེད་པར་གསུངས་པའི་དཔེ་ཆུ་ཤིང་ནི་འདི་ཉིད་ཡིན་འདུག ཐོག་གུ་དམར་པོ་སྙིང་དབྱིབས་ཅན་ཞིག་འདུག་དེ་སྐྱེས་ཟིན་ན་སླར་འབྲས་བུ་གཏན་ནས་མི་སྐྱེ་བས་ཡིན་ལ། སྙན་ངག་ནང་དུ་མཁྲེགས་ཟླུམ་བརླ་ཡི་དཔེ་རུ་ཆུ་ཤིང་འདྲེན་པ་ནི་ལྗོན་པའི་སྡོང་པོ་འདི་རེག་བྱ་མཉེན་ཞིང་འཁྲེགས་པས་ཡིན་འདུག  ལྗོན་པ་འདིའི་སྙེ་མ་ནི་ངང་ལག་གོ། 
        རྟེན་འབྲེལ་གྱི་ཆོས་ཉིད་ནི་ཤིན་ཏུ་ངོ་མཚར་བ་སྟེ། ལྗོན་པ་འདི་ལ་ཕོ་མོའི་དབྱེ་བ་འདུག་ལ། གཙོ་བོ་ཁ་དོག་གི་ཁྱད་པར་ཡོད་འདུག ཕོའི་ལྗོན་པ་མེད་ན་མོའི་ལྗོན་ཤིང་ལ་འབྲས་བུ་གཏན་ནས་མི་སྐྱེ་སྐད།  ཁོ་པ་ཚོས་ཀཻ་ལ་ཞེས་འབོད་ཀི་འདུག
        མིང་གཞན་ནི།
 གླང་པོའི་ལྕུག་མ། རྒྱུད་རྣམས་འཛིན། འཆི་འབྲས་ཅན། ནད་ཀྱི་འབྲས་ཅན། མཛོད་ལུས། ཤིང་འཛིན་བཅས་སོ། ། 
        ཤིང་འདི་སྨྱུག་མ་ལ་ངོས་འཛིན་མཁན་དང་། འོམ་བུ་ལ་ངོས་འཛིན་མཁན། འོམ་ནག་ལ་ངོས་འཛིན་པ་སོགས་ངོས་འཛིན་ཚུལ་མ་འདྲ་བ་མང་པོ་ཡོད་ནའང་། རྒྱ་བལ་དུ་ཡོངས་སུ་གྲགས་པའི་ཆུ་ཤིང་ནི་འདི་རང་ཡིན་འདུག །གཞུང་རྣམས་ལས་མི་རྟག་མི་བརྟན་ཞིང་སྙིང་པོ་མེད་པའི་དཔེ་རུ་བཞག་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1